ཚེས་14ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་སྟེ《སྤྱི་ཚོགས་འགན་བཅོལ་འགྲོ་གྲོན་དང་ཁྲལ་མིན་ཡོང་འབབ་བསྡུ་ལེན་དོ་དམ་གྱི་འགན་འཁྲི་སྒྱུར་སྤྲོད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》ལ་ཞིབ་འཇུག་དང་གྲོས་བསྡུར་བྱས་པ་རེད།
ཀྲོང་ཡན་གྱིས་སྤྱི་ཚོགས་འགན་བཅོལ་འགྲོ་གྲོན་དང་ཁྲལ་མིན་ཡོང་འབབ་བསྡུ་ལེན་དོ་དམ་གྱི་འགན་འཁྲི་སྒྱུར་སྤྲོད་ལས་དོན་ནི་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་། སྤྱི་ཚོགས་ཀྱི་དམངས་འཚོའི་བདེ་རྩ། རྒྱལ་ཁབ་ཡུན་རིང་བདེ་འཁོད་བཅས་དང་འབྲེལ་བ་ཡོད། སྤྱི་ཚོགས་འགན་བཅོལ་འགྲོ་གྲོན་དང་ཁྲལ་མིན་ཡོང་འབབ་བསྡུ་ལེན་དོ་དམ་གྱི་འགན་འཁྲི་སྒྱུར་སྤྲོད་ལས་དོན་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དཀྲིས་པའི་འགན་འཁྲི་ལྕི་པོ་དེ་ལེགས་སྒྲུབ་ཡག་པོ་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད། ཀྲོང་ཡན་གྱིས་བླང་བྱ་བཏོན་དོན། སྤྱི་ཚོགས་ཀྱི་འགན་བཅོལ་འགྲོ་གྲོན་དང་ཁྲལ་མིན་ཡོང་འབབ་རྣམ་གྲངས་ཀྱི་རིགས་མང་བ་དང་། འབྲེལ་ཡོད་སྡེ་ཚན་ཁྱབ་ཆེ་བ། འགྲོ་གྲོན་འཇལ་མཁན་མང་བ་མ་ཟད། གྲུབ་ཆ་རྙོག་འཛིང་ཆེ་ལ་ལས་དོན་དཀའ་གནད་ཆེན་པོ་ཡོད།
རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་སྤྱི་ཡོངས་ཀྱི་སྤྱི་འདོམས་ལ་སྣང་ཆེན་དང་ཕུགས་ལ་དམིགས་པ། ཇུས་འགོད་ནན་ཏན་བཀོད་སྒྲིག་ཞིབ་ཚགས་བཅས་བྱས་ནས་སྒྱུར་སྤྲོད་ལས་དོན་ལ་འཕྲད་པའི་དཀའ་གནད་དང་གནད་དོན་འཕྲལ་དུ་ཞིབ་འཇུག་ཐག་གཅོད་བྱེད་དགོས། འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་འགན་འཁྲི་ཁག་བགོས་ཁ་གསལ་བཟོ་བ་དང་། ཕན་ཚུན་རྒྱབ་སྐྱོར་དང་། ཆ་འཕྲིན་སྦྲེལ་མཐུད། སྤེལ་རེས་དམ་ཟབ། རོགས་ལས་ལ་ཤུགས་སྣོན་བཅས་བརྒྱབ་སྟེ་བསྡུ་ལེན་དོ་དམ་གྱི་འགན་འཁྲི་སྒྱུར་སྤྲོད་ལས་དོན་ལ་ནུས་ཤུགས་མཉམ་འདོན་གྱིས་སྐུལ་འདེད་གཏོང་བ་དང་ལས་ཀའི་སྦྲེལ་མཐུད་དང་འགན་འཁྲི་རྩིས་སྤྲོད་རྩིས་ལེན་གྱི་ལས་དོན་ཐུན་མོང་ཐོག་ཡག་པོ་བསྒྲུབས་ནས་ལས་འགན་དུས་བཀག་ལྟར་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་པ། རྒྱུན་རྣམ་ཅན་གྱི་འབྲེལ་གཏུག་མཐུན་སྦྱོར་ལམ་སྲོལ་བཙུགས་ཏེ་ལས་ཀའི་འཕེལ་རིམ་ལ་འབྲེལ་གཏུག་བྱས་ཏེ་སྒྱུར་སྤྲོད་བྱེད་རིངགནད་དོན་གལ་ཆེན་མཐུན་སྦྱོར་ཐག་གཅོད་བྱེད་དགོས་པ། ས་གནས་དེ་ག་དང་སྡེ་ཚན་དེ་གའི་འགན་འཁྲི་དང་ཟུང་འབྲེལ་གང་ལེགས་བྱས་ཏེ་རང་འགུལ་ངང་ཞབས་འདེགས་ཞུ་བའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་མང་ཚོགས་ཀྱི་རེ་ཞུ་ནན་ཏན་ངང་ཉན་ནས་འགན་འཁྲི་སྒྱུར་སྤྲོད་ལས་དོན་ལས་ཐོན་སྲིད་པའི་གནད་དོན་སྣ་ཚོགས་ཞིབ་འཇུག་ཐག་གཅོད་བྱེད་དགོས་པ། སྨྱན་སྦྱོར་གྱི་ཐོན་ཁུངས་བེད་སྤྱོད་ལ་སྣང་ཆེན་བྱས་ཏེ་རྣམ་པ་སྣ་ཚོགས་ཀྱི་དྲིལ་བསྒྲགས་ལས་དོན་སྤེལ་ནས་སྲིད་ཇུས་དྲིལ་བསྒྲགས་འགྲེལ་བཤད་དང་འགྲོ་གྲོན་འཇལ་བའི་ཟུར་ཁྲིད་ལས་དོན་ཡག་པོ་སྒྲུབ་པ་དང་། སྤྱི་ཚོགས་ལས་རིགས་ཁག་གིས་སྤྱི་ཚོགས་འགན་བཅོལ་འགྲོ་གྲོན་དང་ཁྲལ་མིན་ཡོང་འབབ་བསྡུ་ལེན་དོ་དམ་གྱི་འགན་འཁྲི་སྒྱུར་སྤྲོད་ལས་དོན་ལ་བསམ་ཤེས་དང་རྒྱབ་སྐྱོར་བྱེད་རྒྱུར་ཁྲིད་སྟོན་བྱས་ནས་སྒྱུར་བཅོས་ལས་དོན་གྱི་དམིགས་ཚད་ལས་འགན་སྤུས་ཚད་མཐོ་པོས་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས།