དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱིས་ཀྲུའུ་རེན་ཚོགས་འདུ་ཐེངས་13པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-09-17

    ཟླ་9ཚེས་14ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུ་ཐེངས་13པ་གཙོ་སྐྱོང་གནང་ནས་འཚོགས་པ་རེད།

    ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དྲུག་པ་ཟླ་འདིའི་ཟླ་སྨད་དུ་འཚོག་རྒྱུའི་གཏན་འཁེལ་བྱས་ཤིང་། ཀྲུའུ་རེན་ཚོགས་འདུས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དྲུག་པའི་ཐོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གྲོས་ཞིབ་བྱ་རྒྱུར་བསྐྱལ་བའི《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རྩལ་གྲུབ་འབྲས་གཞན་བསྒྱུར་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བཅའ་ཁྲིམས〉ལག་ལེན་བསྟར་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས(བཟོ་བཅོས་འཆར་ཟིན)》ཀྱི་གྲོས་གཞི་དང《བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་འདུམ་འགྲིག་སྲོལ་ཡིག(འཆར་ཟིན)》གི་གྲོས་གཞིར་གྲོས་ཞིབ་བྱ་རྒྱུ་དང་།《གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་འདོན་ཆུ་སྤྱོད་ཀྱི་སྲོལ་ཡིག》སོགས་ལ་ཞིབ་བཤེར་བྱ་རྒྱུའི་གྲོས་འགོ་བཏོན་པ་རེད།

    ཀྲུའུ་རེན་ཚོགས་འདུའི་ཐོག་གྲོས་འགོ་བཏོན་པའི་གྲོས་རིམ་ལ་ད་དུང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་ཇུས་གཞིའི་སྐོར་གྱི་སྙན་ཞུ་དང་། འགོ་ནད་འགོག་བཅོས་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུ། མཐའ་མཚམས་འཛུགས་སྐྲུན་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་ཞིབ་བཤེར་བྱ་རྒྱུ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་བསྟར་ཞིབ་བཤེར་ཚོགས་ཆུང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ནད་འགོག་བཅོས་བཅའ་ཁྲིམས》ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ་དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་བཅའ་ཁྲིམས》ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱ་རྒྱུ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལས་དོན་སྤེལ་ཚུལ་གྱི་སྙན་ཞུར་གྲོས་ཞིབ་བྱས་པའི་བསམ་འཆར་དོན་འཁྱོལ་གནས་ཚུལ་སྐོར་གྱི་རྗེས་སྙེག་ཞིབ་བཤེར་སྙན་ཞུ་དང་། མཐའ་མཚམས་འཛུགས་སྐྲུན་གནས་ཚུལ་སྐོར་གྱི་བརྟག་ཞིབ་སྙན་ཞུ། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་གནས་ཚུལ་སྐོར་གྱི་བརྟག་ཞིབ་སྙན་ཞུ། ལྗོངས་ཡོངས་ཀྱི་གྲོང་གསེབ་ས་ཆའི(རྨོ་ཞིང)ས་ཆའི་འགན་གཙང་གཉེར་སྐྱོང་དབང་ཆ་དང་བདག་དབང་གཏན་འཁེལ་གྱི་ཐོ་འགོད་དང་ལག་ཁྱེར་ལེན་པའི་ལས་དོན་སྤེལ་ཚུལ་སྐོར་གྱི་བརྟག་ཞིབ་སྙན་ཞུ། ནས་ཐོན་འཕར་བྱ་སྤྱོད་ལག་བསྟར་དོན་འཁྱོལ་གནས་ཚུལ་སྐོར་གྱི་བརྟག་ཞིབ་སྙན་ཞུ། ཆ་རྐྱེན་འཛོམས་པའི་ས་ཁུལ་དུ་ལྗོན་ཤིང་མེད་པའི་གྲོང་ཚོ(དུད་ཚང)མི་ལྷག་པ་བྱེད་པའི་ལས་དོན་དོན་འཁྱོལ་གནས་ཚུལ་སྐོར་གྱི་བརྟག་ཞིབ་སྙན་ཞུ་བཅས་ལ་གྲོས་ཞིབ་བྱ་རྒྱུ། འཐུས་མི་ཁག་གཅིག་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ལྷན་གྱི་སྙན་ཞུར་གྲོས་ཞིབ་བྱ་རྒྱུ། འབྲེལ་ཡོད་ཀྱི་གོ་གནས་བསྐོ་འཐེན་གྲོས་གཞི་སོགས་ལ་གྲོས་ཞིབ་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།