དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་བོད་ལྗོངས་གསོ་རིག་སློབ་གླིང་དུ་དགེ་རྒན་གྱི་འཐུས་མི་དང་མཉམ་དུ་དགེ་རྒན་དུས་ཆེན་བཏང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-09-12

    དགེ་རྒན་དུས་ཆེན་ཐེངས་34པ་འཆར་ཉེའི་སྐབས་ཀྱི་ཚེས་9ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་བོད་ལྗོངས་གསོ་རིག་སློབ་གླིང་དུ་ཕེབས་ནས་དགེ་རྒན་དང་ལས་བཟོར་བྱམས་བརྩེའི་ངང་གཟིགས་པ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ནས་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད། 

    “དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུ”བློ་བཟང་རྒྱལ་མཚན་ཕུལ་བྱུང་དགེ་རྒན་གྱི་འཐུས་མི་བསྟན་འཛིན་ཉི་མའི་ཁྱིམ་དུ་ཕེབས་ནས་ནང་ཚང་བཞི་དང་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་དང་ཁ་བཏགས་སྒྲོན་ཏེ་དུས་ཆེན་ལ་སྨོན་འདུན་ཞུས་གནང་བ་རེད། བསྟན་འཛིན་ཉི་མ་ནི་བོད་ལྗོངས་གསོ་རིག་སློབ་གླིང་གི་གསོ་རིག་འབུམ་རམས་པ་20ལྷག་གི་གྲས་ཤིག་ཡིན་པ་དང་བཟའ་ཚོ་གཉིས་ཀ་དགེ་རྒན་ཡིན། བློ་བཟང་རྒྱལ་མཚན་གྱིས་མི་དམངས་ཀྱི་དགེ་རྒན་ནི་བླ་ན་མེད་པ་དང་གཟི་བརྗིད་ལྡན་པ་ཞིག་ཡིན་པ་དང་ཁྱེད་ནང་ཚང་གིས་བོད་ཀྱི་སློབ་གསོའི་བྱ་གཞག་ལ་སེམས་ནུས་ཡོད་རྒུ་བཏོན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས། བློ་བཟང་རྒྱལ་མཚན་གྱིས་ཁོང་ཚོར་མུ་མཐུད་སློབ་གསོའི་ལས་ལ་ཧུར་ཐག་གཞོལ་ནས་བོད་ཀྱི་གསོ་བ་རིག་པའི་སློབ་གསོའི་བྱ་གཞག་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་ལྕག་སྐུལ་གནང་བ་རེད། 

    བོད་སྐྱོར་དགེ་རྒན་གྱི་འཐུས་མི་ལིའུ་ཐུང་ཧྭ་ཡི་ཁྱིམ་དུ་བློ་བཟང་རྒྱལ་མཚན་གྱིས་ཁོང་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་བོད་དུ་ལས་ཀ་དང་འཚོ་བ་དང་སློབ་གྲྭར་བོད་སྐྱོར་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གནང་བ་རེད། བློ་བཟང་རྒྱལ་མཚན་གྱིས་དུས་ཡུན་རིང་པོའི་ནང་དང་ལྷག་པར་དུ་ཚོགས་སྒྲིག་རྣམ་པའི་སློབ་གསོའི་ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་སྤེལ་ཚུན་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཕུལ་བྱུང་ཤེས་ལྡན་མི་སྣ་ཁག་རེ་རེ་མེས་རྒྱལ་གྱི་མཐའ་མཚམས་ས་ཁུལ་དུ་ལས་ཀ་བྱེད་པར་ཡོང་བ་དང་བོད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད། 

    སློབ་གླིང་གི་སྲིད་འཛིན་ཐོག་ཁང་དུ་བློ་བཟང་རྒྱལ་མཚན་གྱིས་བོད་ལྗོངས་གསོ་རིག་སློབ་གླིང་གི་སློབ་གསོའི་ལས་དོན་པའི་འཐུས་མི་དང་བཞུགས་མོལ་གནང་བ་རེད། ཁོང་གིས་མིག་སྔའི་བོད་ལྗོངས་ཀྱི་དཔལ་འབྱོར་ལེགས་ལ་མྱུར་བའི་ངང་འཕེལ་རྒྱས་འགྲོ་བ་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ་ཡར་ཐོན། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཡིན་པ་དང་ལྷག་དོན་དུ་སློབ་གསོའི་བྱ་གཞག་ལའང་གྲུབ་འབྲས་གསར་པ་ཐོབ་ཡོད། གྲུབ་འབྲས་དེ་དག་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་མཛུབ་སྟོན། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་བཅས་ལས་ཐོབ་པ་ཞིག་ཡིན་པ་མ་ཟད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་མི་དམངས་དགེ་རྒན་གྱི་དཀའ་སྤྱད་འབད་བརྩོན་དང་ཁ་བྲལ་ཐབས་ཀྱང་མེད་ཅེས་གསུངས། 

    བློ་བཟང་རྒྱལ་མཚན་གྱིས་བོད་ལྗོངས་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བ་དང་མི་རིགས་ཁག་གི་མི་དམངས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པའི་གཞི་རྩ་ནི་སློབ་གསོར་བརྟེན་དགོས་པ་དང་འགག་རྩ་ནི་དགེ་རྒན་ལ་ཐུག་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྤྱི་འདོམས་སུ་མཐའ་འཁྱོངས་དང་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་དང་བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་སློབ་གསོ་དང་སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས། ཐུན་མོང་ཐོག་འབད་བརྩོན་བྱེད་པའི་བསམ་བློའི་རྨང་གཞི་བརྟན་དུ་བཏང་ནས་མི་སེམས་དང་སྟོབས་ཤུགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་ཐོག་གཅིག་སྒྲིལ་བྱེད་དགོས། སློབ་གསོའི་དཔུང་ཁག་འཛུགས་སྐྱོང་རྨང་གཞིའི་རང་བཞིན་གྱི་ལས་དོན་ལ་བརྩི་རྒྱུ་མཐའ་འཁྱོངས་དང་དགེ་རྒན་གྱི་ཀུན་སྤྱོད་ཚད་གཞི་ཨང་དང་པོར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཀུན་སྤྱོད་བཟང་བའི་མི་སྣ་གསོ་སྐྱོང་གི་གཞི་རྩའི་ལས་འགན་དོན་འཁྱོལ་བྱེད་དགོས། དགེ་བཀུར་སློབ་གཅེས་ཀྱི་རྣམ་པ་བཟང་པོ་བཏོད་དེ་རང་འགུལ་ངང་བླ་ན་མེད་པའི་ལས་འགན་ཁུར་ནས་ཚད་ལོན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་དགོས་ཞེས་གསུངས། 

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།