དབུ་ཤོག>སྲིད་དོན།
  • ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་དང་། འགྲམ་འགག་སྒོའི་མཛའ་གྲོགས་ཟམ་པ། སྐྱིད་གྲོང་འགག་སྒོའི་རི་ཟུར་ཟམ་པ་བཅས་སླར་གསོ་བསྐྱར་སྐྲུན་རྣམ་གྲངས་ལས་འགོ་ཚུགས་པའི་མཛད་སྒོ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-09-11

    ཚེས་9ཉིན་གྱི་སྔ་དྲོ། ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་དང་། འགྲམ་འགག་སྒོའི་མཛའ་གྲོགས་ཟམ་པ། སྐྱིད་གྲོང་འགག་སྒོའི་རི་ཟུར་ཟམ་པ་བཅས་སླར་གསོ་བསྐྱར་སྐྲུན་རྣམ་གྲངས་ལས་འགོ་ཚུགས་པའི་མཛད་སྒོ་ལྷ་སར་འཚོགས་པ་རེད། 

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་དང་ནེ་པ་ལ་རྒྱལ་ཕྲན་མཉམ་འབྲེལ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཁང་འོག་མའི་གྲོས་དཔོན་ཁེ་ལི་ཤི་ན·པ་ཧ་ཏུའར·མ་ཧ་ལས་ཤིས་ཚིག་གསུངས་པ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་མཛད་སྒོ་གཙོ་སྐྱོང་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་ཤིས་ཚིག་ནང་ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་དང་། འགྲམ་འགག་སྒོའི་མཛའ་གྲོགས་ཟམ་པ། སྐྱིད་གྲོང་འགག་སྒོའི་རི་ཟུར་ཟམ་པ་བཅས་སླར་གསོ་བསྐྱར་སྐྲུན་ནི་ཀྲུང་ནེའི་མཛའ་གྲོགས་སྤེལ་རེས་མཉམ་ལས་ཁྲོད་ཀྱི་དོན་ཆེན་དང་བྱ་བ་བཟང་པོ་ཞིག་རེད།

    ཀྲུང་གོ་དང་ནེ་པ་ལ་ནི་ཁྱིམ་མཚེས་བཟང་པོ་དང་རོགས་ཟླ་བཟང་པོ་ཡིན་པས་ཀྲུང་ནེའི་མཛའ་གྲོགས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སེམས་སུ་བརྟན་པོར་ངེས་ཡོད། ཕྱི་འབྲེལ་བཙུགས་ཚུན། ཀྲུང་ནེའི་འབྲེལ་བ་སྔ་ཕྱི་བར་གསུམ་དུ་སྐྱོན་བྲལ་དང་བརྟན་ལྷིང་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འགྲོ་འོང་རྒྱུན་མཐུད་ངང་ཟབ་ཏུ་འགྲོ་བཞིན་ཡོད། ནེ་པ་ལ་ནི་ཀྲུང་གོས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་རོགས་ཟླ་གལ་ཆེན་ཞིག་ཡིན་པ་དང་། བོད་རང་སྐྱོང་ལྗོངས་ནི་ཀྲུང་གོས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པས་ཐུན་མོང་ཐོག་སྔར་བྱུང་མྱོང་མེད་པའི་གོ་སྐབས་བཟང་པོ་འཕྲད་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་གཏོད་པའི་འདུ་ཤེས་བཏོན་གནང་བས“རྒྱུད་གཅིག་ལམ་གཅིག”གི་བརྗིད་ཆེའི་འཆར་འགོད་ནང་ཀྲུང་ནེའི་མཛའ་གྲོགས་རྒྱུན་ཆད་མེད་པར་ཟབ་ཏུ་འགྲོ་ངེས་ཡིན་ལ་ཀྲུང་གོའི་བོད་རང་སྐྱོང་ལྗོངས་དང་ནེ་པ་ལའི་སྤེལ་རེས་མཉམ་ལས་ཀྱི་མདུན་ལམ་དེ་བས་རྒྱ་ཆེ་རུ་འགྲོ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་པ་རེད།

    ཁེ་ལི་ཤིས་ན·པ་ཧ་ཏུའར·མ་ཧ་ལས་ཤིས་ཚིག་ནང་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་བསྐྱར་སྐྲུན་བྱས་རྗེས་འདི་ཉིད་ང་ཚོའི་མཛའ་གྲོགས་ཡུན་གནས་ཀྱི་ཀ་རྟེན་ལྟ་བུར་འགྱུར་རྒྱུ་ཡིན་པས་ང་ཚོས་ཀྲུང་གོའི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་རྒྱུན་གཏན་བཞིན་འཁོར་རྒྱུག་དང་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་བསྐྱར་སྐྲུན་རྣམ་གྲངས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ནེ་པ་ལས་སྔ་ཕྱི་བར་གསུམ་དུ་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་དང་སྔ་ཕྱི་བར་གསུམ་དུ་བོད་ནི་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་མཐའ་འཁྱོངས་བྱེད་ཀྱི་ཡོད། ང་ཚོས་ཕྱོགས་གཏོགས་གང་རུང་གིས་ནེ་པ་ལའི་ས་ཁོངས་ནང་ཁྱིམ་མཚེས་ལ་གནོད་པའི་བྱེད་སྤྱོད་དང་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་པའི་བྱེད་སྤྱོད་གཏན་ནས་སྤེལ་དུ་འཇུག་གི་མིན། ང་ཚོས་ཀྲུང་གོའི་བོད་རང་སྐྱོང་ལྗོངས་དབར་གྱི་ནམ་ཡང་འགྱུར་མེད་ཀྱི་མཛའ་གྲོགས་ལ་ངེས་པར་དུ་སྲུང་སྐྱོང་བྱ་རྒྱུ་ཡིན། བོད་རང་སྐྱོང་ལྗོངས་ཀྱི་འཕེལ་རྒྱས་གྲུབ་འབྲས་ཀྱིས་ངར་བག་ཆགས་ཟབ་མོ་བཞག་བྱུང་། འདི་ནི་འགོ་ཁྲིད་པའི་གཟིགས་རྒྱང་རིང་བ་དང་མི་དམངས་ཀྱི་འབད་འཐབ་ལས་བྱུང་བ་ཞིག་ཡིན། ཀྲུང་ནེ་རྒྱལ་ཁབ་གཉིས་ཀྱི་མཉམ་འབྲེལ་སྦྲེལ་མཐུད་བྱེད་རིང་བོད་ཀྱིས་དུས་རྟག་ཏུ་གལ་ཆེའི་ནུས་པ་ཐོན་ཡོད། ཀྲུང་ནེ་སྦྲེལ་མཐུད་ཀྱི་ལམ་བུ་བསྐྱར་དུ་བསྐྲུན་པ་ནི་མཉམ་འབྲེལ་སྦྲེལ་མཐུད་ཆེ་རུ་གཏོང་བའི་ཕྱོགས་སུ་སླར་ཡང་གོམ་པ་གཅིག་སྤོས་པ་ཞིག་ཡིན་པས་དེས་ཚོང་དོན་ཡུལ་སྐོར་ལ་སྐུལ་འདེད་གཏོང་རྒྱུ་དང་། མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་རྒྱུར་སྟབས་བདེ་བསྐྲུན་རྒྱུ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་བཅས་རེད་ཅེས་གསུངས་པ་རེད།

    ཆེ་དགྲ་ལྷས་གཙོ་སྐྱོང་གནང་སྐབས་རྣམ་གྲངས་ནང་ཞུགས་མཁན་ཚན་པ་ཁག་གིས་ཆབ་སྲིད་ལ་སྣང་ཆེན་གྱི་མཐོ་ཚད་དང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱེད་པའི་མཐོ་ཚད་ཐོག་ནས་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ་དང་རྣམ་གྲངས་ལག་བསྟར་བྱེད་མགྱོགས་སུ་བཏང་ནས་སྤུས་ཚད་དང་ལས་ཡུན་འགན་ལེན་བྱེད་དགོས། དེ་རིང་ང་ཚོས་རྣམ་གྲངས་གསུམ་པོ་ལས་འགོ་ཚུགས་པ་དེ་ཐོག་ནས་ཀྲུང་ནེའི་མཛའ་གྲོགས་ཡུན་ནས་ཡུན་དུ་གནས་ཏེ་གཉིས་ཕན་མཛའ་གྲོགས་མཉམ་ལས་ཀྱི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་གཏོད་རྒྱུ་དང་། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་གནས་བབ་ཆེན་པོའི་ཁྲོད་ང་ཚོའི་མཛའ་གྲོགས་དང་ང་ཚོའི་རྣམ་གྲངས་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་མ་ཐེབས་ནས་ནེ་པ་ལའི་དར་རྒྱས་གོང་འཕེལ་དང་ཨེ་ཤེ་ཡ་ལྷོ་མའི་འཕེལ་རྒྱས་ལ་འདེགས་སྐྱོར་མཁོ་འདོན་བྱ་རྒྱུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག་བོད་ཀྱིས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”གྱི་འཐབ་ཇུས་ལག་བསྟར་བྱེད་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་བཅས་ཀྱི་སྔ་ལྟས་བཟང་པོ་བསྟན་ཡོད། ང་ཚོས་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ་མཛེས་སྡུག་ལྡན་པའི་དུས་རབས་གསར་པ་ཐུན་མོང་ཐོག་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།