དབུ་ཤོག>སྲིད་དོན།
  • སྐབས་བཞི་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས་ཀྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཁག་གཉིས་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-09-04

    ཚེས་2ཉིན་གྱི་སྔ་དྲོ་སྐབས་བཞི་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཁག་གཉིས་པ་འཚོགས་ནས་སྤྱི་ཚོགས་ཀྱི་དམངས་ཚོགས་ལ་སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་ཀྱི་སྤྱིའི་གྲ་སྒྲིག་གནས་ཚུལ་གྱི་འབྲེལ་ཡོད་ཆ་འཕྲིན་ཁྱབ་བསྒྲགས་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ། སྒྲིག་འཛུགས་ཨུ་ལྷན་ལག་བསྟར་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཀྲོང་ཡན་ཚོགས་འདུར་ཕེབས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་། སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། སྒྲིག་འཛུགས་ཨུ་ལྷན་ལག་བསྟར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་རྡོ་རྗེ་ཚེ་སྒྲུབ་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཀྲོང་ཡན་གྱིས་འབྲེལ་ཡོད་ཀྱི་གནས་ཚུལ་ངོ་སྤྲོད་གནང་དོན། སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་གཉེར་རྒྱུའི་ཐད་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་། ཀྲུང་དབྱང་གི་འབྲེལ་ཡོད་པུའུ་ཨུད་ཀྱི་རྒྱབ་སྐྱོར་ཤུགས་ཆེན། རྒྱལ་ཁབ་ཕྱི་ནང་གི་ལས་རིགས་ཁག་གི་དོ་ཁུར་རྒྱ་ཁྱབ་བཅས་ཐོབ་ཡོད། སྐབས་འདིར་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་ཕྱི་རྒྱལ་གྱི་སྲིད་ཕྱོགས་མི་སྣ་གཙོ་གྲས་དགའ་སྟོན་དུ་ཕེབས་རྒྱུ་རེད། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་སོགས་རྒྱལ་ཁབ་པུའུ་ཨུད་ཀྱི་འགོ་ཁྲིད་ཀྱིས་ཚོགས་པའི་སྣེ་ཁྲིད་ནས་ཞུགས་རྒྱུ་ཡིན་པ་དང་། མིག་སྔར་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་800ཙམ་གདན་དྲངས་ཡོད་པ་རེད།

    ཀྲོང་ཡན་གྱིས་འགོ་འཛུགས་མཛད་སྒོ་ནི་ཟླ་9ཚེས་7ཉིན་གྱི་ཆུ་ཚོད་20སྐར་མ་30ལ་སྣེའུ་ཁུལ་གསར་གྱི་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་གཉེར་རྒྱུ་ཡིན། བོད་ལྗོངས་འགྲེམས་ཚོགས་རིང“བོད་ཀྱི་ལག་རྟགས”ཐོན་ཟོག་འགྲེམས་འཚོང་དང་། “བོད་ཀྱི་ཆུ་བཟང”མངགས་ཉོའི་འདུ་ཚོགས། “ཀྲུང་ཧྭའི་ཟས་མཆོག·བོད་ཀྱི་བྲོ་བའི”ཞིམ་ཟས་ཁྲོམ་གཞུང་། རིག་གནས་ཐོན་ལས་ཀྱི་དཔེ་སྟོན་རྟེན་གཞིའི(གླིང་ཁུལ)ཆེད་དོན་འགྲེམས་སྟོན། ཀྲུང་གོ་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་དུས་ཆེན་སྐབས་བཞི་པའི་ཉོ་ཚོང་འགྲེམས་སྟོན། ཀྲུང་གོའི་བོད་ལྗོངས་རྒྱལ་སྤྱིའི་རྒྱན་གོས་རིག་གནས་དུས་ཆེན་སྐབས་དང་པོ་སོགས་ཀྱི་བྱེད་སྒོ་གཉེར་རྒྱུ་རེད་ཅེས་ངོ་སྤྲོད་གནང་ཡོད།

    ཤེས་རྟོགས་བྱུང་བ་ལྟར་ན། བོད་ལྗོངས་འགྲེམས་ཚོགས་རིང་། “ཀྲུང་དབྱང་ཁེ་ལས་ཀྱིས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད་པའི”ཚོགས་འདུ་དང་གན་འཇོག་མཛད་སྒོ་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་དང་གན་འཇོག་མཛད་སྒོ། རྣམ་གྲངས་དོན་འཁྱོལ་གྱི་གན་རྒྱ་གཅིག་སྡུད་གན་འཇོག་མཛད་སྒོ་སོགས་གན་འཇོག་བྱེད་སྒོ་ཡང་གཉེར་རྒྱུ་རེད། མིག་སྔར་དོན་འཁྱོལ་གན་རྒྱ་རྣམ་གྲངས་100ལྷག་བཞག་ཟིན་པ་རེད།

    མཇུག་ཏུ་ཀྲོང་ཡན་གྱིས་སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་ནི་རང་ལྗོངས་ཀྱི་དོན་ཆེན་དང་བྱ་བཟང་ཞིག་རེད། སྨྱན་སྦྱོར་ཚན་པ་ཁག་གིས་ལེགས་ཆ་འདོན་སྤེལ་གྱིས་དྲིལ་བསྒྲགས་སྤེལ་གཏོང་བྱེད་ཤུགས་ཆེ་རུ་བཏང་ནས། རང་ལྗོངས་སུ་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་གྲུབ་འབྲས་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་བྱ་གཞག་ཁག་ལ་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཏེ། དངོས་ཡོད་དྲང་གཞག་དང་། འཕེལ་རྒྱས་ཡར་ཐོན། ཞི་མཐུན་བདེ་སྐྱིད། ཡར་ངོའི་ཟླ་ལྟར་འཕེལ་བ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མངོན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།