དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་བཟའ་བཅའི་བདེ་འཇགས་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-08-27

    ཚེས་24ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་བཟའ་བཅའི་བདེ་འཇགས་ཞིབ་བཤེར་ཚོགས་ཆུང་གི་སྣེ་ཁྲིད་དེ་མིན་ཧྲན་གསོལ་མགྲོན་ཁང་དང་ལྷ་ས་སློབ་འབྲིང་དུ་བསྐྱོད་ནས་མགྲོན་ཁང་དང་གསོལ་མགྲོན་ཁང་གི་ཞབས་ཞུ་དང་སློབ་གྲྭའི་སློབ་མའི་ཟ་ཁང་གི་བཟའ་བཅའ་བདེ་འཇགས་ལྟ་སྐུལ་དོ་དམ་དོན་འཁྱོལ་བྱེད་ཚུལ་མཁྱེན་རྟོགས་དང་ཞིབ་བཤེར་གནང་བ་དང་སྦྲགས་རང་སྐྱོང་ལྗོངས་ཀྱི་བཟའ་བཅའི་བདེ་འཇགས་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའང་འཚོགས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེས་ལྷན་དུ་ཞིབ་བཤེར་གནང་བར་ཕེབས་པ་དང་འབྲེལ་ཚོགས་འདུར་ཞུགས་པ་རེད།

    མིན་ཧྲན་གསོལ་མགྲོན་ཁང་དང་ལྷ་ས་སློབ་འབྲིང་གི་སློབ་མའི་ཟ་ཁང་དུ་ཀྲོང་ཡན་དང་བཅས་པས་བཟའ་བཅའི་བདེ་འཇགས་དོ་དམ་དང་། བཟའ་བཏུང་ཚན་པའི་ལག་ཁྱེར། “ཕྱི་གསལ་ནང་གསལ་གྱི་ཐབ་ཚང”ལས་དོན། བཟའ་བཅའི་རྒྱུ་ཆ་ཉོ་སྒྲུབ། བཟའ་བཅའ་ལས་སྣོན། བཟའ་ཕུད་འཇོག་པ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཀྲོང་ཡན་གྱིས་ལས་དོན་མི་སྣར་བཟའ་བཅའི་བདེ་འཇགས་དོན་ཆུང་མིན། འབྱུང་རྩར་དམ་འཛིན་དང་ལྷུ་ཚིགས་ལ་ཚོད་འཛིན་ནན་པོ་བྱས་ཏེ་ཚད་ལྡན་ཅན་གྱི་བརྒྱུད་རིམ་ལ་བརྟེན་ནས་བཟའ་བཅའི་བདེ་འཇགས་ལམ་ལུགས་ཁག་ཁྱོན་ཡོངས་ནས་དོན་འཁྱོལ་དང་རིག་ནུས་ཀྱི་ལྟ་སྐུལ་དོ་དམ་མ་ལག་མགྱོགས་མྱུར་བསྐྲུན་ཏེ་ཟླ་རེར་ཞིབ་བཤེར་དང་། ཉིན་རེར་ཞིབ་བཤེར། ལྟོ་དུས་རེར་ཞིབ་བཤེར་བཅས་བྱེད་པ་བརྒྱུད་བཟའ་མཁན་བློ་བདེ་པོ་དང་བདེ་ཐང་ཡོང་བ་བྱེད་པ་དང“ལྕེ་ཐོག་གི་བདེ་འཇགས”དང་གསོལ་ལྕོག་གི་བདེ་འཇགས་འགན་ལེན་བྱེད་དགོས་པའི་བཀའ་མངགས་ཡང་ཡང་གནང་བ་རེད།

    དེ་རྗེས་རང་སྐྱོང་ལྗོངས་བཟའ་བཅའི་བདེ་འཇགས་ཨུ་ལྷན་གྱིས་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་འཚོགས་པ་རེད། ཀྲོང་ཡན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྤྱི་པའི་བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་མཐའ་གཅིག་ཏུ་བྱེད་པ་དང་ཆེས་རྒྱ་ཆེའི་མི་དམངས་ཀྱི་ལུས་ཁམས་བདེ་ཐང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས”ཞེས་གསུངས་ཡོད། ང་ཚོས་བསམ་བློ་དང་བྱ་སྤྱོད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ནས་དེང་གི་དུས་བབ་གསལ་པོ་རྟོགས་པ་དང་། བདེ་འཇགས་གཙོ་བོ་ཡིན་པའི་འདུ་ཤེས་བརྟན་པོ་འཆང་བ། ཚད་གཞི་ནན་ཤོས་དང་། ལྟ་སྐུལ་དོ་དམ་ནན་ཤོས། ཆད་པ་ནན་ཤོས། འགན་འཁྲི་བདའ་འདེད་ནན་ཤོས་བཅས་མཐའ་འཁྱོངས་བྱེད་པ། བཟའ་བཅའི་བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་མཐའ་གཅིག་ཏུ་བྱས་ཏེ་ལྗོངས་ཡོངས་སུ་བརྒྱུད་རིམ་རང་བཞིན་དང་ས་ཁོངས་རང་བཞིན་གྱི་བཟའ་བཅའི་བདེ་འཇགས་ཀྱི་གནད་དོན་མི་ཐོན་པའི་འགན་ལེན་བྱེད་དགོས་ཞེས་གསུངས།

    ཀྲོང་ཡན་གྱིས་སྟོབས་ཤུགས་གཅིག་སྡུད་ཀྱིས་ཕྱོགས་ཡོངས་ཀྱི་ཞིབ་བཤེར་ཆེན་པོ་ཐེངས་གཅིག་བྱས་ཏེ་བཟའ་བཅའི་བདེ་འཇགས་ལས་དོན་ཐད་གནས་པའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་པ་བརྒྱུད། ཚང་བཤེར་ཆད་གསབ་དང་མགྱོགས་མྱུར་བཅོས་སྒྲིག་བྱས་ནས་སྔོན་འགོག་ཚོད་འཛིན་གནད་ལ་འཁེལ་བ་དང་ལྟ་སྐུལ་དོ་དམ་གྱི་གྲིབ་ཆ་མི་ལུས་པའི་འགན་ལེན་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲི་ཏན་ཏིག་ཁུར་ནས་ལྟ་སྐུལ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་། གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་དུས་མཚམས་མངོན་གསལ་དོད་པ། སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་བཟའ་བཅའི་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་འགན་ནུས་ལ་ཤུགས་སྣོན་རྒྱག་དགོས། མི་རིགས་ཁག་གི་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་ལ་བརྟེན་ནས་བཟའ་བཅའི་བདེ་འཇགས་ལས་དོན་གྱི“ནན་ཤོས་བཞིའི”བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ཏན་ཏིག རིམ་ཁག་ཏང་སྲིད་འགོ་ཁྲིད་ཀྱི་འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན། རིམ་ཁག་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་བཅས་བྱས་ཏེ་དེ་བས་བློ་ཐག་ཆོད་པོ་དང་། དེ་བས་ནུས་ལྡན། དེ་བས་གོ་ཆོད་ཀྱི་བྱ་ཐབས་བརྒྱུད་རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བཟའ་བཏུང་བདེ་འཇགས་འགན་ལེན་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།