དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་བརྟག་ཞིབ་ཚོགས་ཆུང་གིས་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་བསྐྱར་སྐྲུན་རྒྱས་སྐྲུན་གྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-08-21

    ཚེས་19ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་ཀྱིས་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭའི་ཨར་ལས་བྱ་ཡུལ་དུ་ཕེབས་ནས་ཡུལ་དངོས་སུ་རྣམ་གྲངས་འཕེལ་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    བརྟག་ཞིབ་ཚོགས་ཆུང་གིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་བྱུང་བར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བཅས་ཀྱིས་དམིགས་བསལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ཡོད། བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རིག་གནས་ལ་བརྟེན་ནས་ལྗོངས་སྟོབས་ཆེར་གཏོང་བ་དང་རིག་གནས་དམངས་ཕན་གྱི་འདུ་འགོད་གལ་ཆེན་ཞིག་ཡིན་པའི་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭའི་འབྲེལ་ཡོད་འཛུགས་སྐྲུན་གྱི་སྤུས་ཚད་འགན་ལེན་དང་། འཕེལ་རིམ་འགན་ལེན། བདེ་འཇགས་འགན་ལེན། གོ་རིམ་ཡོད་པ་བཅས་བྱས་ནས་རིགས་གཅིག་མཁས་ཅན་ཚོའི་བསམ་འཆར་མང་ཙམ་ཉན་དགོས། སྐྲུན་འགན་འཁུར་མཁན་དང་དོ་བདག་ཕྱོགས་སོགས་འབྲེལ་ཡོད་ཕྱོགས་ཀྱིས་འབྲེལ་གཏུག་མཐུན་སྦྱོར་དང་ཤུགས་སྒྲིལ་མཉམ་ལས་དམ་ཟབ་བྱས་ཏེ་རྟེན་རྫས་བཤམས་མཛོད་ཁང་གསར་རྙིང་སྦྲེལ་མཐུད་སོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་བོད་ཀྱི་མི་དམངས་ལ་ལན་ཡག་པོ་ཞིག་འདེབས་དགོས་པའི་ནན་གསུངས་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།