དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་2018ལོའི་ལོ་འཁོར་གྱི(རྒྱ་ཆེའི)ཚོགས་འདུ་ཐེངས་3པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-08-20

    ཚེས་17ཉིན། ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་2018ལོའི་ལོ་འཁོར་གྱི(རྒྱ་ཆེའི)ཚོགས་འདུ་ཐེངས་3པ་འཚོགས་ཏེ་རྒྱལ་ཡོངས་སུ་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ལས་དོན་གྱི་སྐུལ་འདེད་ཚོགས་འདུའི་དགོངས་དོན་དང་། ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་བརྒྱུད་བསྒྲགས་དང་། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས། རང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་སྤྱིའི་འཆར་འགོད་དང་ཆེད་དོན་འཆར་འགོད་ཁག་ལ་ཞིབ་འཇུག་དང་བགྲོ་གླེང་། ལོ་སྨད་ཀྱི་ལྗོངས་ཡོངས་ཀྱི“ཞིང་གསུམ”ལས་དོན་ལ་བཀོད་སྒྲིག་བཅས་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཝུན་ཧན་དང་ཅི་གོ་ཀང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་བཅས་ཚོགས་འདུར་ཕེབས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་ནན་བཤད་གནང་དོན། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”གྱིས་བརྗོད་དོན་གཙོ་བོ་བྱས་པའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱ་རྒྱུ་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། རང་ལྗོངས་སུ་གནས་པའི“འགལ་ཟླ་གཉིས”དང་ད་ལྟའི་དུས་མཚམས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་གཞིར་བཟུང་ནས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་རེད། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་མཐོ་ཚད་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་དགོས། གཙོ་རྒོལ་ཁ་ཕྱོགས་ལ་བརྒྱུད་རིམ་ལྡན་པའི་འཆར་འགོད་བྱེད་པ་དང་། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པ་མངོན་གསལ་དོད་པོ་ཡོང་བར་བྱེད་པ། སྟོབས་ཤུགས་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ལོ་གསུམ་རིང་ཕན་འབྲས་རགས་ཙམ་ཐོན་པ་དང་ལོ་ལྔའི་རིང་སྐས་རིམ་ཆེན་པོ་ཞིག་ཏུ་སླེབས་པའི་བརྩོན་ལེན་བྱེད་དགོས། ཤང་གྲོང་གིས་ཚན་པ་བྱས་ནས་གཅིག་གྱུར་གྱི་འཆར་འགོད་རབ་དང་རིམ་པ་ཆགས་པར་བྱས་ཏེ་འཆར་འགོད་ཁྱོན་ཡོངས་ལ་ཁྱབ་པ་དང་། རྒྱུ་རྐྱེན་ཁྱོན་ཡོངས་ལ་སྤྱི་འདོམས་བྱེད་པ། མིག་མངས་འགྲིག་སྐོར་གཅིག་ལྟ་བུ་བསྐྲུན་པ་བཅས་བྱེད་དགོས། ཚན་རིག་དང་མཐུན་པའི་གྲོང་གསེབ་འཕེལ་རྒྱས་ཀྱི་རིགས་རྣམ་དབྱེ་འབྱེད་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པར་རིགས་དབྱེ་ནས་སྐུལ་འདེད་གཏོང་དགོས། ཚོད་ལྟའི་རྫོང་དང་ཆུས་སྤྱི་འདོམས་ངང་ཡག་པོ་བདམས་ཏེ་འོག་ནས་གོང་བར་ཧུར་བརྩོན་ཆེ་རིགས་སྔོན་ལ་འདེམས་པ་དང་། འགུལ་རྣམ་གྱི་དོ་དམ་ལག་ལེན་བསྟར་ཏེ་ཞུགས་ཆོག་ལ་ཕྱིར་འཐེན་ཡང་བྱ་ཆོག་པ་བྱེད་དགོས། བློ་བཟང་རྒྱལ་མཚན་གྱིས་ནན་བཤད་གནང་དོན། གྲོང་གསེབ་དར་རྒྱས་གཏོང་བར་ཐོན་ལས་དར་འཕེལ་ནི་གཙོ་གནད་དང་། སྣོད་བཅུད་སྡོད་མལ་ལ་འཚམ་པ་ནི་འགག་རྩ། ཡུལ་སྲོལ་ཤེས་དཔལ་ནི་འགན་སྲུང་། བཅོས་སྐྱོང་ནུས་ལྡན་ནི་རྨང་གཞི། འཚོ་བ་འབྱོར་ཕྱུག་ནི་རྩ་བ་བཅས་རེད། “7+N”གྱི་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་ལ་དམ་པོར་གཞིགས་ནས་ས་ཁོངས་མཚམས་ཐིག་བརྒལ་བ་དང་། ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཅིག་སྡུད། བར་མཐོངས་ཀྱི་བཀོད་པ་ལེགས་སྒྱུར་བཅས་བྱས་ཏེ་དེང་རབས་གྲོང་གསེབ་ཀྱི་ཐོན་ལས་མ་ལག་འཛུགས་སྐྱོང་བྱེད་དགོས། ཁེ་ལས་ཀྱི་སྤུས་ཚད་མཐོ་རུ་དང་ནུས་པ་ཆེ་རུ་གཏོང་རྒྱུ་དང་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བའི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ“སྣེ་འདྲེན་ཁེ་ལས+གཞི་རྟེན+མཉམ་ལས་ཁང+ཞིང་དུད”ཀྱི་གཉེར་སྐྱོང་བྱེད་སྟངས་ཁྱབ་གདལ་གཏོང་དགོས། ཚོང་གཉེར་ཁོར་ཡུག་ལེགས་གཏོང་དང་། ཤེས་ལྡན་པ་གསོ་སྐྱོང་ལ་ཤུགས་སྣོན། སྣོད་བཅུད་སྡོད་མལ་ལ་འཚམ་རྒྱུར་སྐུལ་འདེད། དམངས་འཚོ་འགན་སྲུང་དང་ཆུ་ཚད་མཐོར་གཏོང་། གྲོང་གསེབ་རིག་གནས་དར་རྒྱས། གཞི་རིམ་རྩ་འཛུགས་བརྟན་གཏོང་བཅས་བྱས་ཏེ་རང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་བའི་འགན་ལེན་བྱེད་དགོས།

    བློ་བཟང་རྒྱལ་མཚན་གྱིས་ནན་བཤད་གནང་དོན། གྲོང་གསེབ་དར་རྒྱས་གཏོང་བའི་འགག་རྩ་ནི་ལས་སྒྲུབ་ལ་རག་ལས་ཡོད། རིམ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་རྒྱས་ལ་དམ་འཛིན་བྱེད་པའི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ་གྲོང་གསེབ་དར་རྒྱས་ཀྱི་ལས་འགན་ཕྲག་ཏུ་འཁུར་བ་དང་བྱ་སྤྱོད་ཐོག་དོན་འཁྱོལ་ཏན་ཏིག་བྱེད་དགོས། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ནང་གི་མང་ཚོགས་ཀྱི་ནུས་པ་གཙོ་བོ་འདོན་སྤེལ་གང་ལེགས་བྱས་ཏེ་མང་ཚོགས་སྐུལ་སློང་ཧུར་ཐག་གིས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་དགོས། དངོས་སྒྲུབ་ལ་བརྟེན་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བ་མཐའ་འཁྱོངས་བྱས་ཏེ་གྲོང་གསེབ་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་སྲུང་གིས་འཆར་འགོད་སྔོན་བསྟར་དང་། རིགས་དབྱེ་སྐུལ་འདེད། མ་དངུལ་འཇོག་རྒྱ་ཆེ་རུ་གཏོང་བ། དཀའ་སྤྱད་དངོས་སྒྲུབ་བཅས་ཀྱི་སྒོ་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་ནས་རྒྱུན་ཆད་མེད་པར་ཕན་འབྲས་གསར་པ་བརྩོན་ལེན་བྱེད་དགོས།

    བློ་བཟང་རྒྱལ་མཚན་གྱིས་ད་དུང་ཞིང་འབྲོག་པའི་འབབ་འཕར་དང་། ཞིང་འབྲོག་ལས་ཀྱི་ཐོན་ལས་འཕེལ་རྒྱས། སྟོན་བསྡུ་དགུན་གསོག་སོགས་ལོ་སྨད་ཀྱི“ཞིང་གསུམ”གཙོ་གནད་ལས་དོན་ལ་བཀོད་སྒྲིག་ཀྱང་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།