དབུ་ཤོག>སྲིད་དོན།
  • ས་མཐོའི་ཁྱད་ལྡན་ཞིང་ལས་ཀྱི་སྤུས་རྟགས་གྲགས་ཆེ་རུ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ལེན་དགོས་པ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-08-19

    ཚེས་17ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་ལྷ་སར་གཞིས་རྩེ་གྲོང་ཁྱེར་གྱི་སྔོ་ཚལ་ཐོན་ལས་འཕེལ་རྒྱས་སྐོར་གྱི་ཆེད་དོན་སྙན་སེང་གསན་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་རྒྱལ་མཚན་ཚོགས་འདུར་ཕེབས་པ་རེད།

    གཞིས་རྩེ་གྲོང་ཁྱེར་ནི་ལྗོངས་ཡོངས་ཀྱི་སྔོ་ཚལ་ཐོན་སྐྱེད་ཀྱི་ས་ཁུལ་ཆེན་པོ་ཞིག་རེད། འདི་ལོའི་ཟླ་བཞི་པར་བློ་བཟང་རྒྱལ་མཚན་གྱིས་དབུལ་སྐྱོར་འབྲེལ་གཏུག་ས་ཚིགས་ཡིན་པའི་རྣམ་གླིང་རྫོང་དུ་བརྟག་ཞིབ་གནང་སྐབས་བོད་སྐྱོར་གྱི་ལེགས་ཆ་འདོན་སྤེལ་བྱེད་པ་དང་། སྣེ་འདྲེན་ཁེ་ལས་ནང་འདྲེན་བྱེད་པ། ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་ཡག་པོ་བྱེད་པ་བཅས་བྱས་ནས་ཨེ་མ་སྒང་གི་ཞོག་ཁོག་གི་སྤུས་རྟགས་གྲགས་ཆེ་རུ་གཏོང་དགོས་ཞེས་བཏོན་གནང་བ་མ་ཟད། ད་དུང་ས་གནས་ས་ཐོག་ཏུ་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

    མིག་སྔར་ལས་དོན་དེར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་འཕེལ་རིམ་བདེ་བླག་བྱུང་ཞིང་། རྒྱལ་ཁབ་ཀྱི་ཞིང་ལས་ཐོན་ལས་ཅན་གྱི་གཙོ་གནད་སྣེ་འདྲེན་ཁེ་ལས་ཏེ། ཧྲན་ཏུང་ཧྲའུ་ཀོང་སྔོ་ཚལ་ཐོན་ལས་མ་རྐང་ཚོད་འཛིན་ཚོགས་པ་ནང་འདྲེན་བྱས་པ་དང་། རྣམ་གླིང་རྫོང་དུ་མུའུ་ཁྲི་ཟིན་པའི་ཨེ་མ་སྒང་ཞོག་ཁོག་ཐོན་ལས་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུ་གཏན་འཁེལ་བྱས་ཡོད་པ་རེད། འབྲེལ་ཡོད་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་སེང་གསན་རྗེས། བློ་བཟང་རྒྱལ་མཚན་གྱིས་གཞིས་རྩེའི་ལས་དོན་ལ་ཧྲན་ཏུང་གིས་རོགས་སྐྱོར་བྱས་པར་གདེང་འཇོག་ཆེན་པོ་གནང་བ་དང་། ཧྲན་ཏུང་ཧྲའུ་ཀོང་སྔོ་ཚལ་ཐོན་ལས་མ་རྐང་ཚོད་འཛིན་ཚོགས་པ་བོད་ལ་མ་འཇོག་དང་བྱ་གཞག་གཏོད་པར་ཡོང་བར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་། གཞིས་རྩེའི་སྔོ་ཚལ་ཐོན་ལས་འཕེལ་རྒྱས་བྱུང་བར་ཁས་ལེན་གང་ལེགས་གནང་བ་རེད། 

    བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གྲོང་གསེབ་ལས་དོན་ལ་མཐོང་ཆེན་བྱས་ཏེ“་ན་ད་པ་ལ་ཁབ་་ས་ཆ་སྲུང་མཁན་དང་བ་ད་ན་པ་ཁྱིམ་གས་ན་མཁན་ག་ད་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་དགོས་ཞེས་བཏོན་ཡོད། ག་ར་ང་གབ་དར་ས་འཐབ་ས་་འཆར་ག་དང་འལ་ད་ད་ན་འཆར་གཞི་བ་བའི་ལས་ན་ལ་ལ་འདེད་ཧུར་ཐག་གང་བའི་ཁྲོད་ཐོན་ལས་དར་རྒྱས་དང་འགན་ལེན་ནུས་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་བྱ་རྒྱུ་ནི་འཆར་འགོད་ཀྱི་ལས་འགན་གལ་ཆེན་ལྔའི་གྲས་ཤིག་ཡིན་ཞེས་བསྟན་གནང་བ་རེད། ཁོང་གིས་བོད་ནི་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་རྟེན་གཞི་གལ་ཆེན་ཞིག་དང་། གཞིས་རྩེ་ནི་ཞིང་འབྲོག་ཁུལ་ཆེན་པོ་ཞིག ས་མཐོའི་ཁྱད་ལྡན་སྔོ་ཚལ་ནི་བོད་ཀྱི་ཐོན་ལས་ཆེན་པོ་བདུན་གྱི་གྲས་ཤིག་བཅས་རེད། རྣམ་གླིང་དུ་མུའུ་ཁྲི་ཟིན་པའི་ཞོག་ཁོག་ཐོན་ལས་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུར་ཆ་མཚོན་ན། རང་བྱུང་གི་ཆ་རྐྱེན་ཡག་པོ་དང་། སྲིད་ཇུས་ཀྱི་གཟིགས་སྐྱོང་ཆེན་པོ། རྨང་གཞིའི་སྒྲིག་བཀོད་ལེགས་པོ། ཚན་རྩལ་གྱི་འདེགས་སྐྱོར་ཆེན་པོ། ཁྲོམ་རའི་མདུན་ལམ་ཡངས་པོ། མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་ཆེ་བ་བཅས་ཡོད། དེར་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་པའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། རང་སྐྱོང་ལྗོངས་ཀྱིས་ཧྲན་ང་་ང་་ཚལ་ན་ལས་མ་ང་ད་འཛིན་གས་པ་བོད་དུ་བྱ་གཞག་གཏོད་པར་ཡོང་བར་མཐོང་ཆེན་དང་གཅེས་འཛིན་བྱེད་ཀྱི་ཡོད་ལ་རེ་བའང་ཆེན་པོ་བཅོལ་ཡོད། སླད་ཕྱིན་རྣམ་གྲངས་དེ་མཐའ་མཚམས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་ཐོན་ལས་རྣམ་གྲངས་གལ་ཆེན་ཞིག་ཏུ་བརྩིས་ཏེ་སྔ་ཙམ་དོན་འཁྱོལ་བྱས་ནས་ཕན་འབྲས་སྔ་ཙམ་ཐོན་ཐུབ་པའི་བརྩོན་ལེན་བྱ་རྒྱུ་དང་། ཐོན་ལས་ཀྱི་གཞི་རྒྱ་ཆེ་རུ་དང་སྤུས་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ། ས་གནས་དེ་གའི་མང་ཚོགས་སྔར་བས་མང་པོ་སྐུལ་ཁྲིད་ཀྱིས་དབུལ་སྒྲོལ་ཕྱུག་འགྱུར་བྱ་རྒྱུ། དེ་བཞིན་བོད་སྐྱོར་ལས་དོན་དང་། དབུལ་སྒྲོལ་འགག་སྒྲོལ། ཐོན་ལས་འཕེལ་རྒྱས། ཚན་རྩལ་དཔེ་སྟོན་བཅས་ཀྱི་སྤུས་རྟགས་གཏོད་རྒྱུ་བཅས་ཀྱི་རེ་བ་ཡོད་ཅེས་གསུངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།