དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་འཆར་འགོད་བཟོ་བའི་ལས་དོན་སྐུལ་འདེད་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-08-04

    ཟླ་8ཚེས་1ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་འཆར་འགོད་བཟོ་བའི་ལས་དོན་སྐུལ་འདེད་ཚོགས་འདུ་ཐེངས་གཉིས་པ་འཚོགས་ནས། སྤྱིའི་འཆར་འགོད་དང་ཆེད་དོན་འཆར་འགོད་བཟོ་བའི་ལས་དོན་འཕེལ་རྒྱས་གནས་ཚུལ་གྱི་སྙན་ཞུ་གསན་པ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་པ་རེད།

    རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་འཆར་འགོད་ལེགས་གྲུབ་མ་ཟིན་སྒྲིག་བཟོའི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་བློ་བཟང་རྒྱལ་མཚན་གྱིས་སྒྲིག་བཟོའི་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། གཅིག་ནས་འཐབ་ཇུས་ཀྱི་ངེས་གནས་སྔར་བས་མཐོ་རུ་གཏོང་དགོས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་གལ་ཆེན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་དང་། ཙུང་ལི་ལི་ཁེ་ཆང་གིས་བོད་དུ་རྟག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་བཀོད་ཇུས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བཅས་བྱས་ཏེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་ཞིག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་པའི་བརྗོད་དོན་གཙོ་བོ་དེ་འཆར་འགོད་བཟོ་བའི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་གི་ནང་ཁྱབ་པར་བྱེད་དགོས་པ་དང་།

    གཉིས་ནས་དམིགས་ཚད་དང་མ་ལག་ལ་ཚན་རིག་དང་མཐུན་པའི་རིགས་པས་ཁུངས་སྐྱེལ་གཏིང་ཟབ་བྱེད་དགོས་ཤིང་། བོད་ཀྱི་ལས་དོན་གྱི་རྩ་དོན་གལ་ཆེན་དང་བོད་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་ལས་འགན་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་འཕེལ་རྒྱས་དམིགས་ཚད་དང་མ་ལག་ཕྱོགས་ཡོངས་ནས་སྦྲེལ་མཐུད་བྱེད་པ་དང་། རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ། “ཐོན་ལས་དར་རྒྱས་གཏོང་བ་དང་། སྣོད་བཅུད་སྡོད་མལ་དང་འཚམ་པ། ཡུལ་སྲོལ་ཤེས་དཔལ་ལྡན་པ། བཅོས་སྐྱོང་ནུས་ལྡན་བྱེད་པ། འཚོ་བ་འབྱོར་ཕྱུག་ལྡན་པ”བཅས་ཀྱི་སྤྱིའི་བླང་བྱར་དམིགས་ནས། མང་ཚོགས་ཞུགས་ཚད་དང་ཐོབ་ཚོར་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། བོད་ཀྱི་ཁྱད་ཆོས་ལྡན་པ་དང་འཕེལ་ཕྱོགས་མཚོན་པའི་དམིགས་ཚད་དང་མ་ལག་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་བཙུགས་ཏེ་འཆར་འགོད་ལ་སྣེ་ཁྲིད་དང་། གཅུན་འདོམས། སྟོན་ཕྱོགས་བཅས་ཀྱི་ནུས་པ་ཐོན་རྒྱུའི་འགན་ལེན་བྱེད་དགོས་པ།

    གསུམ་ནས་ས་ཁོངས་ལུགས་མཐུན་ངང་བཀོད་སྒྲིག་དང་གཞི་ཁྱོན་འོས་འཚམ་གྱི་གཉེར་སྐྱོང་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་ཤིང་། བར་མཐོངས་བཀོད་སྒྲིག་དང་། ཐོན་ལས་འཕེལ་རྒྱས། སྒྲིག་བཀོད་མཉམ་འབྲེལ་སྦྲེལ་མཐུད། གཅིག་སྡུད་འོས་འཚམ་བཅས་ལ་གཅིག་འདོམས་བསམ་གཞིག་བྱས་ནས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ནུས་ཤུགས་ཡོད་རྒུས་ལེགས་སུ་གཏོང་བ་དང་ཐོན་ལས་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་སྟེ་སྤུས་ཚད་མཐོ་བའི་ཕྱོགས་སུ་རིམ་བཞིན་འཕེལ་རྒྱས་གཏོང་བ་དང་། གཙོ་གནད་ས་ཁོངས་དང་། ལེགས་ལྡན་ཐོན་ལས། སྔོན་ལ་འཕེལ་རྒྱས་གཏོང་བ་བཅས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ཆ་རྐྱེན་འཛོམས་པའི་ས་ཁུལ་དུ་གཞི་ཁྱོན་འོས་འཚམ་གྱི་གཉེར་སྐྱོར་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ།

    བཞི་ནས་ཚན་རྩལ་སྣེ་ཁྲིད་དང་ཚན་རྩལ་འདེགས་སྐྱོར་གྱི་ནུས་པ་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་ཤིང་། ཚན་རྩལ་གསར་གཏོད་ཀྱི་གཙོ་གནད་ཁ་གསལ་དང་། ཞིང་འབྲོག་ཚན་རྩལ་གྱི་འདེགས་སྐྱོར་ནུས་པ་མཐོ་རུ་གཏོང་བའི་བྱེད་ཐབས་དང་ལམ་སྲོལ་ཁ་གསལ། ཐོན་ལས་འཕེལ་རྒྱས་ཀྱི་དབུ་བཞུགས་རིགས་གཅིག་མཁས་ཅན་གྱི་འགན་འཁྲི་ཁ་གསལ་བཅས་བཟོས་ནས་རྒྱུད་བཟང་གསོ་ཚགས་དང་སོན་བཟང་འདེབས་གསོ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་ཐོན་ལས་དར་རྒྱས་གཏོང་བའི་ཚན་རྩལ་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་པ།

    ལྔ་ནས་གྲོང་གསེབ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་སྒྲིག་སྲོལ་དང་ལམ་སྲོལ་འགན་ལེན་གྱི་ནུས་པ་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་ཤིང་། གྲོང་གསེབ་ལས་དོན་གྱི་སྒྲིག་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་ཁྲོམ་རའི་ཐོན་ཁུངས་བཀོད་སྒྲིག་དང་སྲིད་གཞུང་གིས་སྐུལ་འདེད་གཏོང་རྒྱུ་གཉིས་ཟུང་འབྲེལ་དམ་ཟབ་བྱས་ཏེ་རིམ་པ་ཁག་དང་རིགས་ཁག་གི་ཤེས་ལྡན་པ་གྲོང་གསེབ་དང་འཐབ་ཕྱོགས་དང་པོར་ལས་སྒྲུབ་ལས་གཏོད་བྱེད་པར་བསྐྱོད་རྒྱུར་སྐུལ་ལྕག་བྱེད་པ་དང་ཆེད་ལས་ཞིང་པ་གསར་པའི་གསོ་སྦྱོང་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་ནས་གྲོང་གསེབ་རང་ངོས་ཀྱི་རང་བརྟེན་ནུས་པ་ཆེ་རུ་ཏན་ཏིག་གཏོང་བ་དང་། གྲོང་གསེབ་བཅོས་སྐྱོང་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་དེང་རབས་གྲོང་གསེབ་ཀྱི་ཤེས་དཔལ་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་དགོས་པ།

    དྲུག་ནས་ཁ་གཏད་བོད་སྐྱོར་གྱི་གཙོ་གནད་དེ་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཐད་འཇོག་དགོས་ཤིང་། ཁ་གཏད་བོད་སྐྱོར་དང་ལྗོངས་ཕྱི་ནང་གི་སྤེལ་རེས་མཉམ་ལས་སྔར་བས་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་ཉམས་ཞན་ལྷུ་ཚིགས་དང་ཉམས་ཞན་ས་ཁོངས་ལ་དམིགས་ནས་བོད་སྐྱོར་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། བཟོ་ཚོང་གྱི་མ་རྩ་གཞི་རིམ་ལ་གཏོང་རྒྱུར་སྐུལ་ལྕག་བྱས་ཏེ་རང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་གཏོང་རིང་འཕེལ་རྒྱས་གང་ལེགས་མ་བྱུང་བ་དང་དོ་མི་མཉམ་པའི་ཞན་ཆ་གསབ་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།