དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པ་གྲོལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-07-30

    ཚེས་27ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པ་གྲོས་རིམ་ཁག་ལེགས་གྲུབ་བྱུང་ནས་གྲོལ་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། 《བོད་རང་སྐྱོང་ལྗོངས་ཀྱི་ཁྲིམས་འཛིན་གསལ་འབྱེད་དོ་དམ་སྲོལ་ཡིག》དང་། 《བོད་རང་སྐྱོང་ལྗོངས་ཀྱི་2017ལོའི་རིམ་པ་འདི་གའི་ནོར་སྲིད་མཇུག་རྩིས་ལ་ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད》《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས》བཅས་ལ་གྲོས་འཆམ་བྱུང་བ་རེད། མི་དོན་བསྐོ་འཐེན་གྱི་དོན་ཚན་ལ་གྲོས་འཆམ་བྱུང་བ་དང་གོ་གནས་བསྐོ་གཞག་ཡི་གེ་སྤྲད་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་གསུང་བཤད་གནང་སྐབས《བོད་རང་སྐྱོང་ལྗོངས་ཀྱི་ཁྲིམས་འཛིན་གསལ་འབྱེད་དོ་དམ་སྲོལ་ཡིག》སློབ་སྦྱོང་དང་། དྲིལ་བསྒྲགས། ཁྱབ་གདལ་བཅས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ། ཁྲིམས་སྐྱོང་ལམ་བུའི་ཐོག་རང་ལྗོངས་ཀྱི་ཁྲིམས་འཛིན་གསལ་འབྱེད་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ནོར་སྲིད་སྲིད་ཇུས་ཀྱི་དགེ་མཚན་ལྡན་པའི་ནུས་པ་དེས་བས་འདོན་སྤེལ་ཡག་པོ་བྱས་ཏེ་རྩིས་བཤེར་ལྟ་སྐུལ་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ནོར་སྲིད་མ་དངུལ་སྤྱོད་པའི་ཚད་ལྡན་རང་བཞིན་དང་། བདེ་འཇགས་རང་བཞིན། ནུས་ལྡན་རང་བཞིན་བཅས་ཆེ་རུ་གཏོང་དགོས། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ལྟེ་བར་འཛིན་པའི་ལས་ཀའི་ལམ་སྲོལ་ནུས་ཤུགས་ཡོད་རྒུས་འཐུས་སྒོ་ཚང་དུ་བཏང་སྟེ་ཁྲིམས་འཛིན་གྱི་སྤྱི་མོས་དང་ཁྲིམས་སྐྱོང་དབང་གྲགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་དམིགས་ཚད་ལས་འགན་བོད་དུ་དོན་འཁྱོལ་ཐུབ་རྒྱུ་མ་ཟད་ཕན་འབྲས་ཀྱང་ཐོན་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་ཐོག་གནང་བའི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡི་གསུང་བཤད་གལ་ཆེན་ནང་། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དང་ལྷག་པར་དུ་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུར་དེ་བས་མཐོ་བའི་བླང་བྱ་གསར་པ་བཏོན་གནང་ཡོད་པས་ང་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་དང་གོ་བ་ལེན་པ་དང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།