དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ལྔ་པ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-07-28

     ཟླ་7ཚེས་26ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ལྔ་པ་འགོ་ཚུགས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ད་ཐེངས་ཀྱི་ཚོགས་འདུའི་གྲོས་རིམ་བརྒྱུད་ལྗོངས་ཏང་ཨུད་རྩ་འཛུགས་པུའི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་མི་དོན་བསྐོ་འཐེན་སྐོར་གྱི་གསལ་བཤད་བྱས་ཡོད། ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་ཁྲིམས་འཛིན་གསལ་འབྱེད་དོ་དམ་སྲོལ་ཡིག(འཆར་ཟིན)》གྲོས་ཞིབ་བྱས་འབྲས་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ལྷན་གྱི་སྙན་ཞུ་གསན་ནས་ད་ཐེངས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་གྲོས་ཞིབ་བྱ་རྒྱུར་སྐྱེལ་བ་དང་གྲོས་འཆམ་བྱ་རྒྱུའི་གྲོས་འགོ་བཏོན་ཡོད། འཐུས་མི་འགའ་ཞིག་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འཐུས་མིའི་ཐོབ་ཐང་ཨུ་ལྷན་གྱི་སྙན་ཞུ་གསན་པ་རེད།

    ཚོགས་འདུའི་ཐོག་2018ལོའི་ལོ་སྟོད་ཀྱི་ནོར་སྲིད་སྔོན་རྩིས་ལག་བསྟར་གནས་ཚུལ་དང་། 2017ལོའི་རིམ་པ་དེ་གའི་ནོར་སྲིད་མཇུག་རྩིས་(འཆར་ཟིན)དང་2017ལོའི་རིམ་པ་དེ་གའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གི་རྩིས་བཤེར་ལས་དོན་བཅས་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་ཞུ་གསན་པ་དང་། 2018ལོའི་ལོ་སྟོད་ཀྱི་ནོར་སྲིད་སྔོན་རྩིས་ལག་བསྟར་གནས་ཚུལ་སྙན་ཞུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་དཔལ་ཨུ་ལྷན་གྱི་གྲོས་ཞིབ་བསམ་འཆར་དང་། 2017ལོའི་ལོ་འཁོར་གྱི་རིམ་པ་དེ་གའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གཞན་དག་གི་རྩིས་བཤེར་ལས་དོན་སྙན་ཞུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་དཔལ་ཨུ་ལྷན་གྱི་རྩིས་བཤེར་བསམ་འཆར། 2017ལོའི་རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས(འཆར་ཟིན)ཞིབ་བཤེར་བྱས་འབྲས་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་དཔལ་ཨུ་ལྷན་གྱི་སྙན་ཞུ་བཅས་གསན་པ་རེད།

    ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་མི་དམངས་ཁྲིམས་ཁང་གི་ཕྱོགས་ཡོངས་ནས་ཁྲིམས་འཛིན་སྒྱུར་བཅོས་ཟབ་གཏོང་གནས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་སྙན་ཞུ་གསན་པ་རེད།

    ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཕྱོགས་ཡོངས་ནས་ཁྲིམས་འཛིན་སྒྱུར་བཅོས་ཟབ་གཏོང་གནས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་སྙན་ཞུ་གསན་པ་རེད།

    ཚོགས་འདུའི་གྲོས་རིམ་བཀོད་སྒྲིག་ལ་གཞིགས་ཏེ་གོང་གསལ་གྱི་གྲོས་གཞིར་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་ཞིབ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།