དབུ་ཤོག>སྲིད་དོན།
  • བོད་ལྗོངས་ཀྱིས་2018ལོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ཆེན་པོ་བསུ་བའི་སྐུལ་སློང་བཀོད་སྒྲིག་གི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2018-07-25

    ཚེས་23ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཀྱིས་2018ལོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ཆེན་པོ་བསུ་བའི་སྐུལ་སློང་བཀོད་སྒྲིག་གི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས《2018ལོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ཆེན་པོ་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྡ་ཐོའི》དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། རང་ལྗོངས་ཀྱིས་2018ལོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ཆེན་པོ་བསུ་བའི་འབྲེལ་ཡོད་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་སློང་དང་བཀོད་སྒྲིག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ཆེན་པོ་བསུ་རྒྱུ་ནི་ལས་ཀར་སྐུལ་འདེད་གཏོང་བའི་གོ་སྐབས་གལ་ཆེན་ཞིག་ཡིན་པས། གནད་དོན་ལ་དམིགས་ནས་འཕྲལ་སྒྲུབ་འཕྲལ་བཅོས་བྱེད་པ་དང་། ཕན་ཚུན་རྒྱབ་སྐྱོར་བྱས་ནས་མཉམ་ཤུགས་ཆགས་པ་བྱེད་པ། ཐུན་མོང་ཐོག་ལྟ་ཞིབ་བསུ་བའི་གྲ་སྒྲིག་ལས་དོན་ཁག་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་བྱ་གཞག་ཁག་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་མོའུ་ཅུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཀྲོང་ཡན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྟ་ཞིབ་ནི་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད། ལྟ་ཞིབ་མེད་ན་དོན་འཁྱོལ་ཡང་ཡོང་མི་སྲིད་ཅེས་གསུངས་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ཆེན་པོ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་པ་ལུང་དུ་འགྲོ་རྒྱུ་འགན་ལེན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་གྱི་འཕེལ་རྒྱས་དང་འཚམ་པའི་ཁ་ཚ་དགོས་གཏུགས་ཤིག སྲིད་གཞུང་གི་ལག་བསྟར་བྱེད་ནུས་དང་སྤྱི་མོས་ཐོབ་ཚད་མཐོ་རུ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་བཅས་རེད། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ད་ཐེངས་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ཆེན་པོ་བསུ་བའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་འགོ་ཁྲིད་གཙོ་བོས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་རེད། གྲོང་ཁྱེར་དང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ཆེན་པོ་བསུ་བའི་གལ་ཆེན་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་བ། རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱེད་པ། ལྟ་ཞིབ་ལས་དོན་ལ་གཞོགས་འདེགས་དང་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ཉིད་དེང་སྐབས་ལྗོངས་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བ་བཅས་བྱས་ནས་འགན་འཁྲི་འཁུར་སེམས་དང་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་བཏང་སྟེ། ལྟ་ཞིབ་ཆེན་པོའི་བླང་བྱ་ཁག་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་ཞེས་གསུངས་པ་རེད།

    ཀྲོང་ཡན་གྱིས་གྲོང་ཁྱེར་དང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་གོང་རིམ་ལ་སྙན་སེང་ཞུ་བ་དང་གཤམ་འོག་ལ་མཛུབ་ཁྲིད་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་ཞན་ཆ་གསབ་པ་དང་། གནད་དོན་ཐག་གཅོད། ཆུ་ཚད་མཐོར་གཏོང་བཅས་ཕྱོགས་གསུམ་ཐད་ནས་འགོ་བཙུགས་ཏེ་ལས་དོན་ཁག་ལ་དམ་འཛིན་ཞིབ་ཕྲ་དང་། དམ་འཛིན་ཏན་ཏིག དམ་འཛིན་ཡག་པོ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་སྟེ། གཅིག་ནས་འགན་འཁྲི་ནན་དུ་བཏང་ནས“འགོ་ཁྲིད་ཨང་དང་པོའི”འགན་འཁྲིའི་ལམ་ལུགས་ལག་ལེན་བསྟར་བ་དང་རིམ་པ་གཅིག་གིས་རིམ་པ་གཅིག་ལ་དམ་འཛིན་དང་རིམ་པ་སྟར་ཆགས་བཞིན་དོན་འཁྱོལ་ལ་དམ་འཛིན་དང་བཅོས་སྒྲིག་ལ་དམ་འཛིན་བྱེད་པའི་ལས་ཀའི་ལམ་སྲོལ་བཙུགས་ཏེ་འཕེལ་རིམ་དང་། གོ་རིམ། ཕན་འབྲས་བཅས་གཅིག་གྱུར་ཡོང་རྒྱུ་འགན་ལེན་བྱེད་དགོས། གཉིས་ནས་རང་བཤེར་ནན་པོ་བྱས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་བླང་བྱ་ཁག་ལ་ནན་པོར་གཞིགས་པ་དང་མངོན་གསལ་དོད་པའི་གནད་དོན་དང་ཉམས་ཞན་ལྷུ་ཚིགས་ཏན་ཏིག་བཙལ་ནས། གནད་དོན་གསལ་པོར་ཤོད་པ་དང་། རྒྱུ་མཚན་གསལ་པོར་ཤོད་པ། བྱེད་ཐབས་ཏན་ཏིག་སྤྱོད་པ། གྲོས་འགོ་ཡང་དག་འདོན་པ་བཅས་ཀྱི་འགན་ལེན་བྱས་ཏེ་གནས་ཚུལ་དང་གནད་དོན་ཡོད་ན་དག་ཐེར་བྱེད་ཐབས་དང་གྲོས་འགོ་ཡོད་པའི་རང་བཤེར་སྙན་ཞུ་ཞིག་ཆགས་པ་བྱེད་དགོས། གསུམ་ནས་རང་བཤེར་དང་དག་ཐེར་ཟུང་འབྲེལ་བྱས་ནས་རང་བཤེར་བྱེད་རིང་ཐོན་པའི་གནད་དོན་དག་འཕྲལ་མར་དག་ཐེར་བྱས་ཏེ་མགོ་མཇུག་མཐའ་འཁྱོངས་ཡོང་བ་བྱེད་པ་དང་། དོན་འཁྱོལ་བྱེད་འགོར་བར་རྒྱུ་རྐྱེན་རིམ་བཞིན་བཙལ་ཏེ་ཁ་གཏད་གཅོག་ཐབས་འདོན་པ། དོན་འཁྱོལ་མི་ཐུབ་པར་རྒྱུ་རྐྱེན་ལ་དབྱེ་ཞིབ་ནན་ཏན་བྱས་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས། བཞི་ནས་གཞོགས་འདེགས་དམ་ཟབ་བྱས་ནས་གྲོང་ཁྱེར་དང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་མཐུན་སྦྱོར་མཉམ་འགུལ་དང་ཐུན་མོང་མཉམ་ལས་བྱེད་པ་དང་སྔ་ས་ནས་ཕྱོགས་བསྡུས་སྙན་ཞུའི་ཡིག་ཆ་གྲ་སྒྲིག་ཡག་པོ་བྱས་ཏེ་ལྟ་ཞིབ་ཀྱི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཐུན་མོང་ཐོག་དམ་འཛིན་ཡག་པོ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།