དབུ་ཤོག>སྲིད་དོན།
  • ​ མཚོ་བོད་ས་མཐོའི་རི་ཆུ་དང་རྩྭ་རྩི་ཤིང་ཚང་མར་སྲུང་སྐྱོང་ཡག་པོ་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-07-21

    《མཚོ་བོད་ས་མཐོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གནས་ཚུལ》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་དེ་ཟླ་7ཚེས་18ཉིན་དངོས་སུ་བཏོན་པ་དང་། ཚེས་19ཉིན་རང་ལྗོངས་ཀྱིས་སྲིད་ཇུས་གསལ་འགྲེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དང་། ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་། ལྗོངས་ནགས་ལས་ཐིང་སོགས་འབྲེལ་ཡོད་སྡེ་ཚན་གྱི་རིགས་གཅིག་མཁས་ཅན་གྱིས་རྒྱབ་ཤ་དཀར་པོའི་དེབ་ཀྱི་སྲིད་ཇུས་གསལ་འགྲེལ་སོ་སོར་བྱས་པ་དང་མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་བྱ་ཐབས་དང་མངོན་གསལ་དོད་པའི་ཕན་འབྲས་ངོ་སྤྲོད་བྱས་ནས་རང་ལྗོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་འབྲས་མངོན་པར་བྱས་པ་རེད། མི་མང་པོ་ཞིག་གིས་རྒྱབ་ཤ་དཀར་པོའི་དེབ་དེ་ཤེས་རྟོགས་ཐུབ་པ་དང་རང་ལྗོངས་ཀྱི་ལས་རིགས་ཁག་ནང་ཚུར་སྣང་ལན་ཆ་དྲག་པོ་ཡོང་བ་བྱས་པ་རེད།

    “སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན”དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གསར་འགྱུར་རིག་གནས་ས་ཚིགས་ཀྱི་ལས་དོན་པ་ཡུས་ཝུན་པིན་གྱིས་གསར་འགོད་པར་རྒྱབ་ཤ་དཀར་པོའི་དེབ་བཏོན་རྗེས་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གིས་འཕྲལ་མར་དཔོན་དམག་སྒྲིག་འཛུགས་བྱས་ནས་སློབ་སྦྱོང་བྱས་པ་དང་འབྲེལ་རྒྱབ་ཤ་དཀར་པོའི་དེབ་ནང་བཏོན་པའི་མཚོ་བོད་ས་མཐོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་འབྲེལ་ཡོད་སྲིད་ཇུས་དང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྣོད་བཅུད་མ་ལག་སྲུང་སྐྱོང་དང་སླར་གསོའི་ཕན་འབྲས། ཁོར་ཡུག་སྲུང་སྐྱོང་གི་གྲུབ་འབྲས། ལྗང་མདོག་དཔལ་འབྱོར་གྲུབ་ཚུལ། ཚན་རྩལ་འདེགས་སྐྱོར་མ་ལག་འཛུགས་པ། སྣོད་བཅུད་རིག་གནས་སྐྱེད་སྲིང་བཅས་ཕྱོགས་དྲུག་ལ་གཙོ་བོར་དམིགས་ནས་འབྲེལ་ཡོད་གྲོས་བསྡུར་བྱས་པ་རེད། “གཞི་ཁྱོན་ལ་སྤྱི་ལེ་ངོས་གྲུ་ཁྲི་120ལྷག་ཙམ་ཟིན་པའི་བོད་རང་སྐྱོང་ལྗོངས་ནི་མཚོ་བོད་ས་མཐོའི་གྲུབ་ཆ་གཙོ་བོ་ཞིག་དང་རང་རྒྱལ་གྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་དང་རྒྱལ་ཁབ་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་ཞིག་ཡིན། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་ནི་དུས་རབས་གསར་པས་ང་ཚོར་དཀྲིས་པའི་འགན་འཁྲི་གཙོ་བོ་དང་ལོ་རྒྱུས་ཀྱི་ལས་འགན་ཞིག་ཡིན་པས། ང་ཚོར་བློ་མཐུན་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་དགོངས་པའི་མཛུབ་ཁྲིད་འོག་དེ་བས་མཛེས་སྡུག་ལྡན་པའི་མཚོ་བོད་ས་མཐོ་དང་རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་མཐོ་ས་ཧུར་ཐག་བསྐྲུན་ཏེ་མི་དང་རང་བྱུང་ཁམས་དབར་ཞི་མཐུན་མཉམ་གནས་མངོན་འགྱུར་ཡོང་བར་བྱས་ནས་འཛམ་གླིང་གི་དག་ཞིང་མཐའ་མ་དེ་སྲུང་སྐྱོང་ཡག་པོ་ཐུབ་པའི་སེམས་ཤུགས་དང་ནུས་པ་ཡོད”ཅེས་ཡུས་ཝུན་པིན་གྱིས་བཤད།

    རང་སྐྱོང་ལྗོངས་རྒྱང་ཚོར་བཀོལ་སྤྱོད་ཞིབ་འཇུག་ལྟེ་གནས་ཀྱི་མཐོ་རིམ་བཟོ་བཀོད་པ་ལྷག་པས་གསར་འགོད་པར་ངས་རྒྱབ་ཤ་དཀར་པོའི་དེབ་ནང་གི་སྣོད་བཅུད་སྲུང་སྐྱོང་སླར་གསོའི་ཕན་འབྲས་མངོན་གསལ་དོད་པོའི་ཐད་ཀྱི་ནང་དོན་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ནང་དོན་དེ་རང་ཉིད་ཀྱི་ཞིབ་འཇུག་བྱེད་པའི་གནད་དོན་དང་འབྲེལ་བ་ཡོད་པ་མ་ཟད། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་དེ་བས་འབྲེལ་བ་ཡོད། “‘སྐྱས་སྤོས་རྩྭ་གསོ་དང་རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོང་ཁ་གསབ་བྱ་དགའི་སྲིད་ཇུས་དང་དེ་བཞིན་རྩྭ་ཐང་གི་ཨ་བྲ་དང་འབུའི་གནོད་འཚེ་འགོག་བཅོས་སོགས་རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོང་འཛུགས་སྐྱོང་འདུ་འགོད་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་ངང་ལག་བསྟར་བྱས་པ་དང་སྦྲགས་མཚོ་བོད་ས་མཐོའི་རྩྭ་ཐང་སྲུང་སྐྱོང་དང་སླར་གསོའི་ཕན་འབྲས་རིམ་བཞིན་ཐོན་པ’དང‘རྒྱལ་ཁབ་ཀྱིས་གཙང་གསུམ་ཆུ་འགོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་ལས་གྲྭ་འཛུགས་སྐྲུན་བྱེད་འགོ་ཚུགས་ནས་2017ལོའི་ལོ་མཇུག་བར་ཁྱོན་མ་དངུལ་སྒོར་དུང་ཕྱུར་80བཏང་བ་རེད། 2013ལོར་དུས་ཐེངས་དང་པོའི་འདུ་འགོད་ཀྱི་རྩྭ་ཐང་ཉམས་ཞན་དུ་གྱུར་བའི་རྣམ་པར་ཚོད་འཛིན་རགས་ཙམ་ཐུབ་པ་དང་། ཆུ་དང་འདམ་རའི་སྣོད་བཅུད་མ་ལག་སྤྱིར་ན་སླར་གསོ་བྱུང་བ་དང་ཆུ་འགོ་གསོ་ཁུལ་དང་འབབ་རྒྱུད་ཀྱི་མཁོ་སྤྲོད་ནུས་པ་ཆེ་རུ་ཕྱིན་ཡོད’ནང་དོན་དེ་དག་ལས་མི་རྣམས་ལ་སེམས་འགུལ་ཚད་མེད་ཐེབས་པ་མ་ཟད། སླད་ཕྱིན་མང་ཚོགས་ཀྱིས་སྣོད་བཅུད་སྲིད་ཇུས་ལ་གོ་བ་ལེན་པར་ཡང་སྐུལ་མ་ཐེབས་རྒྱུར་ཕན་པ་ཡོད”ཅེས་བཤད།

    ཉིང་ཁྲི་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཅུས་ཀྲང་གཞོན་པ་ལེ་ཙེང་ཡན་གྱིས་རྒྱབ་ཤ་དཀར་པོའི་དེབ་ཀྱིས་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་པའི་སེམས་ཤུགས་དང་ཆོད་སེམས་ལ་ལྕག་སྐུལ་བྱས་པ་དང་། སླད་ཕྱིན་གྱི་ལས་དོན་ཁྲོད་བོད་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་དགོངས་པ་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་སློབ་སྦྱོང་བྱས་ནས་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་བོད་ཀྱི་རི་ཆུ་དང་རྩྭ་རྩི་ཤིང་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་བཤད།

    ལྷོ་ཁ་གྲོང་ཁྱེར་ནགས་ལས་ཅུས་ཀྱི་ཏང་ཙུའི་ཁོངས་མི་ཅུས་ཀྲང་གཞོན་པ་ཝུའེ་ཅུན་ཧུའེ་ཡིས་རྒྱབ་ཤ་དཀར་པོའི་དེབ་ནང་མཚོ་བོད་ས་མཐོར“འཛམ་གླིང་ཡང་རྩེ”དང་། “སའི་གོ་ལའི་སྣེ་གསུམ་པ” “ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”ཅེས་བརྗོད་ཀྱི་ཡོད་པ་དང་། རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་རང་བྱུང་འཚོ་ཁུལ་དང་ས་མཐོའི་སྐྱེ་དངོས་རིགས་ཀྱི་གཞི་རྒྱུའི་མཛོད་དང་། ཀྲུང་གོ་དང་ཐ་ན་ཨེ་ཤེ་ཡའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག ཀྲུང་གོ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་གཙོ་གནད་ཁུལ་གལ་ཆེན་གྱི་གྲས་ཤིག་བཅས་ཡིན་པ་རེད། “ང་ཚོས་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་དམ་འཛིན་བྱེད་དགོས་པས་དེས་མཐོ་སར་གནས་པའི་ང་ཚོས་མིག་རྒྱང་དེ་བས་རིང་བ་དང་བློ་རྒྱ་དེ་བས་ཆེ་བའི་སྒོ་ནས་དུས་རབས་ཀྱི་གོམ་སྟབས་དང་མཐུན་པ་བྱས་ཏེ་མཚོ་བོད་ས་མཐོའི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་ས་གཤིས་ལེགས་ཆ་དང་ཁོར་ཡུག་གི་ལེགས་ཆ་སྲུང་སྐྱོང་ཡག་པོ་དང་། འདོན་སྤེལ་ཡག་པོ། འཛུགས་སྐྲུན་ཡག་པོ་བཅས་བྱས་ནས་འཛུགས་སྐྲུན་དང་སྲུང་སྐྱོང་ཁྲོད་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་། ས་གནས་འདི་གའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཁྲོད་ཀྱི་ནགས་ལས་ལས་དོན་གྱི་ནུས་པ་གསར་པ་དང་ངེས་གནས་གསར་པ་ཡང་དག་འཚོལ་ཞིབ་བྱས་ཏེ་མི་རབས་རེ་རེའི་འབད་བརྩོན་བརྒྱུད་མཚོ་བོད་ས་མཐོ་འདི་ཉིད་དེ་བས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སུ་འཛུགས་སྐྲུན་བྱེད་དགོས་པའི་བླང་བྱ་བཏོན་ཡོད”ཅེས་བཤད་པ་རེད། 

    ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་སྣོད་བཅུད་ཁོར་ཡུག་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་མ་ཧུར་ཐག་བཏང་སྟེ་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་བརྟན་པོ་བྱུང་བ་དང་ཆབས་ཅིག་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། 

    534150_yis_1532064797891.jpg

    འདི་ནི་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་ཕག་རི་གྲོང་རྡལ་གྱི་ཁུལ་དུ་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་སྲོག་ཆགས་གནའ་ཁྱུ་ཟས་ལ་རོལ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།