ཚེས་19ཉིན་གྱི་ཕྱི་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་དཔལ་འབྱོར་ཡོངས་བཤེར་ཐེངས་བཞི་པའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཏེ་དེང་སྐབས་འཕྲད་པའི་དུས་བབ་དང་ལས་འགན་ལ་ཞིབ་འཇུག་དབྱེ་ཞིབ་བྱས་པ་དང་། དཔལ་འབྱོར་ཡོངས་བཤེར་ལས་དོན་ཏན་ཏིག་སྤེལ་བར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་བོད་ཀྱི་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་ཤིང་། ཁོང་གིས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློའི་ངོས་འཛིན་གཅིག་གྱུར་ཡོང་བ་དང་། དཔལ་འབྱོར་ཡོངས་བཤེར་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། དཔལ་འབྱོར་ཡོངས་བཤེར་གྱི་དམིགས་ཚད་ལས་འགན་ཁོང་དུ་ཡང་དག་ཆུད་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་དཔལ་འབྱོར་ཡོངས་བཤེར་བདེ་བླག་ངང་ལེགས་གྲུབ་ཐུབ་རྒྱུའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཀྲོང་ཡན་གྱིས། དཔལ་འབྱོར་ཡོངས་བཤེར་ནི་རྒྱལ་ཁབ་ཀྱི་གནས་ཚུལ་དང་རྒྱལ་ཁབ་ཀྱི་སྟོབས་ཤུགས་ལ་བརྟག་དཔྱད་གལ་ཆེན་བྱེད་པ་ཞིག་རེད། རྒྱལ་ཡོངས་དཔལ་འབྱོར་ཡོངས་བཤེར་ཐེངས་བཞི་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། འཕེལ་རྒྱས་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་མཐིལ་རྟོགས། འཕེལ་རྒྱས་ཀྱི་ཁྱད་ཆོས་ཁོང་དུ་ཡང་དག་ཆུད་པ། ཚན་རིག་དང་མཐུན་པའི་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཛུབ་ཁྲིད་དང་སྐུལ་མ་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་པ་མ་ཟད། དཔལ་འབྱོར་གྱི་གནས་ཚུལ་ལ་ཞིབ་བཤེར་དང་རང་སྐྱོང་ལྗོངས་ཀྱི་གནས་ཚུལ་དང་སྟོབས་ཤུགས་ཁྱོན་ཡོངས་ནས་གསལ་རྟོགས་དང་། དཔལ་འབྱོར་གྱི་གྲུབ་ཆ་ལེགས་སྒྲིག་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད། ཁྲིམས་ལྟར་སྡོམ་རྩིས་མཐའ་འཁྱོངས་དང་སྡོམ་རྩིས་གྲངས་གཞིའི་དོན་དངོས་རང་བཞིན་ཆེར་གཏོང་བཅས་ལ་ཕན་པ་ཡོད་ཅེས་བཤད།
ཀྲོང་ཡན་གྱིས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ལས་དོན་བཀོད་སྒྲིག་དང་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་གྱིས་དཔལ་འབྱོར་ཡོངས་བཤེར་ཐེངས་བཞི་པའི་ལས་ཀའི་དམིགས་ཚད་དང་ལས་འགན་ཁོང་དུ་གང་ལེགས་ཆུད་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཁོང་གིས་ད་དུང་། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ལས་ཀའི་འགན་འཁྲི་གསལ་པོ་བཟོ་བ། ཡོངས་བཤེར་གྱི་ལམ་སྲོལ་དང་སྒྲིག་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། སྒྲིག་འཛུགས་ཞིབ་ཚགས། སྤྱི་འདོམས་སྐུལ་གཏོང་བཅས་བྱས་ཏེ་རིམ་པ་དེ་རང་དང་སྡེ་ཚན་དེ་རང་གི་ཡོངས་བཤེར་ལས་དོན་ལེགས་སྒྲུབ་ནན་ཏན་བྱེད་དགོས། གཞོགས་འདེགས་དམ་ཟབ་བྱས་ནས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་རང་འགན་གཙང་སྒྲུབ་བྱས་ནས་ཡོངས་བཤེར་ལས་འགན་བདེ་བླག་ངང་བསྒྲུབ་རྒྱུའི་འགན་ལེན་བྱེད་དགོས། དྲིལ་བསྒྲགས་དང་སྐུལ་སློང་རྒྱ་ཁྱབ་བྱས་ནས་ཟིལ་ཤུགས་ཆེན་པོ་སྐྲུན་པ་དང་། སྨྱན་སྦྱོར་གྱི་གླེང་ཕྱོགས་ལས་སྟེགས་སྣ་ཚོགས་ལ་བརྟེན་པ། ཡོངས་བཤེར་བྱ་ཡུལ་གྱིས་ཡོངས་བཤེར་ལས་དོན་ལ་རང་འགུལ་ངང་གཞོགས་འདེགས་ཧུར་ཐག་བྱེད་པར་ཁྲིད་སྟོན་བྱེད་པ། སྤྱི་ཚོགས་ཀྱི་གླེང་ཕྱོགས་ཁོར་ཡུག་ཡག་པོ་ཧུར་ཐག་སྐྲུན་པ་བཅས་བྱེད་དགོས། ཡོངས་བཤེར་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་ཆ་རྐྱེན་ཡག་པོ་འདོན་པ་དང་། ཡོངས་བཤེར་གྲོན་དངུལ་གྱི་སྔོན་རྩིས་གང་ལེགས་སྒྲུབ་པ། ཡོངས་བཤེར་ལ་མཁོ་བའི་མི་སྣའི་སྟོབས་ཤུགས་འགན་ལེན་བྱེད་པ། ཡོངས་བཤེར་ལས་དོན་བདེ་བླག་ངང་སྤེལ་བར་འགན་ལེན་བྱེད་དགོས། ཡོངས་བཤེར་གྱི་སྒྲིག་ལམ་ནན་དུ་བཏང་ནས་ཁྲིམས་བཞིན་ཡོངས་བཤེར་དང་། དངོས་ཐོག་བདེན་འཚོལ། གནས་ཚུལ་ངོ་མ་ཞིབ་བཤེར་དང་གྲངས་ཀ་ངོ་མ་སྙན་སེང་ཞུ་བ་བཅས་མཐའ་འཁྱོངས་དང་། ཡོངས་བཤེར་གྱི་གྲངས་གཞི་དངོས་དང་ཏན་ཏིག་ཡོང་བ། ཁྲིམས་དང་ཚན་རིག་དང་མཐུན་ལ་དངོས་ཡོད་དང་ཡང་དག་པའི་ངང་རང་ལྗོངས་ཀྱི་སྒྱུར་བཅོས་སྒོ་དབྱེའི་ལོ་40རིང་གི་གཡུར་ཟའི་འབྲས་བུ་མངོན་པ་བཅས་བྱེད་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།