དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་འདི་ལོའི་ཟླ་1ནས་6པ་བར་གྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་དབྱེ་ཞིབ་བཀོད་གཏོང་ཚོཌ་འདུ་གཙོ་སྐྱོང་གནང་ནས་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-07-20

    ཚེས་18ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་འདི་ལོའི་ཟླ་1ནས་6པ་བར་གྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་དབྱེ་ཞིབ་དང་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ་དང་། ལོ་སྟོད་ཀྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་དབྱེ་ཞིབ་གནང་བ་དང་འབྲེལ་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད། ཁོང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱེད་པ་དང་། ནང་ངོས་ཀྱི་སྒུལ་ཤུགས་འཕེལ་བར་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཀྲོང་ཡན་གྱིས་གོམ་སྟབས་རྗེས་མར་ཀྲུང་དབྱང་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོག་ཡང་དག་བྱེད་པའི་རྩ་བའི་བྱ་ཐབས་ལ་བརྟེན་ནས་གནད་དོན་ལ་དམ་པོར་དམིགས་པ་དང་རྣག་ཐོག་བཙག་འཁེལ་ཡོང་བ་བྱས་ཏེ་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་དང་ལྗང་མདོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཐོག་ལོ་འཁོར་མོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས། གཅིག་ནས་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་ཤིན་ཏུ་དབུལ་བའི་ས་ཁུལ་ལ་མུ་མཐུད་ནུས་ཤུགས་འདོན་རྒྱུར་དམ་བཟུང་བྱས་ཏེ་སྲིད་གཞུང་གི་བུན་དོན་ཉེན་ཁར་དོགས་ཟོན་ནུས་ལྡན་བྱས་ནས་བསལ་ཏེ་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་གནད་དོན་དག་ཐེར་དོན་འཁྱོལ་ནན་ཏན་བྱེད་དགོས་པ་དང་། གཉིས་ནས་ནུས་ཤུགས་ཡོད་རྒུས་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་བཏང་སྟེ་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་གཙོ་རྒོལ་ཁ་ཕྱོགས་སུ་བརྩིས་ནས་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་།

    ཁྱད་ལྡན་ལེགས་ལྡན་ཐོན་ལས་ཆེ་བ་དང་། སྟོབས་ཆེ། ཕུལ་བྱུང་བཅས་སུ་ཧུར་ཐག་བསྐྲུན་ནས་རང་ངོས་འཕེལ་རྒྱས་གཏོང་བའི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ། གསུམ་ནས་ནུས་ཤུགས་ཡོད་རྒུས་གཙོ་གནད་རྣམ་གྲངས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཐོག་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་རྣམ་གྲངས་འཛུགས་སྐྲུན་གྱི་ཁོར་ཡུག་ལེགས་སུ་བཏང་ཐོག་གཙོ་གནད་རྣམ་གྲངས་བདེ་བླག་ངང་སྐུལ་འདེད་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་པ། བཞི་ནས་ཐབས་མང་མཉམ་སྤྱོད་ཀྱིས་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས་ནང་སའི་ཁེ་ལས་བོད་དུ་མ་འཇོག་ལས་དར་ལ་བཀུག་སྟེ་སྤྱི་དབང་མིན་པའི་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ། ལྔ་ནས་ལས་དོན་སྒྲུབ་ཕོད་པ་བྱས་ཏེ་རྒྱུན་མཐུད་ངང་སྒྱུར་བཅོས་གཏིང་ཟབ་བྱེད་པ་དང“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་ཚད་བརྒལ་སར་བྱས་ཏེ་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱས་ནས་ཚོང་གཉེར་ཁོར་ཡུག་ཡག་ཤོས་ཧུར་ཐག་གཏོད་དགོས་པ། དྲུག་ནས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་དམངས་འཚོ་ལེགས་སུ་གཏོང་བར་འགན་ལེན་ཏན་ཏིག་བྱས་ཏེ་ལས་ཞུགས་ལས་གནས་སྤུས་ལེགས་དེ་བས་མང་བ་གསར་གཏོད་དང་། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན་སོགས་སྤྱི་པའི་ཞབས་ཞུར་དམ་འཛིན་བཅས་བྱས་ཏེ་ཐུམ་འབུའི་ནད་སོགས་ཡུལ་ནད་འགོག་བཅོས་ལས་དོན་ཡག་པོ་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།