ཚེས་18ཉིན་གྱི་སྔ་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《མཚོ་བོད་ས་མཐོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གནས་ཚུལ》གྱི་རྒྱབ་ཤ་དཀར་པོའི་དེབ་བཏོན་པ་རེད། རྒྱབ་ཤ་དཀར་པོའི་དེབ་བཏོན་རྗེས་རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་དུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཞིང་། ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་དོན་འཁྱོལ། དུས་རབས་གསར་པའི་ཤེས་དཔལ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བཅས་བྱས་ནས། ཡིད་ཆེས་དང་ཆོད་སེམས་དེ་བས་ཆེན་པོའི་ཐོག་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་གང་ཐུབ་བྱས་ཏེ་མཛེས་སྡུག་ལྡན་པའི་མཚོ་བོད་ས་མཐོ་དང་ཐ་ན་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་ཆེད་རང་ནུས་ཕྲན་བུ་འདོན་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
“རྒྱབ་ཤ་དཀར་པོའི་དེབ་ནང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་མཚོ་བོད་ས་མཐོར་སྣོད་བཅུད་ཤེས་དཔལ་ལམ་ལུགས་དང་། སྣོད་བཅུད་སྲུང་སྐྱོང་སླར་གསོའི་ཕན་འབྲས། ཁོར་ཡུག་གི་སྤུས་ཚད་སོགས་ཀྱི་ཐད་ཐོབ་པའི་འཕེལ་རིམ་དང་གྲུབ་འབྲས་དང་དེ་བཞིན་ས་མཐོའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གྱི་ནུས་པ་བརྟན་པོ་དང་ས་ཁོངས་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་། ཀྲུང་གོ་དང་གོ་ལ་ཧྲིལ་པོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་བཏང་བ་ལས་ཐོན་པའི་ཤུགས་རྐྱེན་གལ་ཆེན་གོ་རིམ་ལྡན་པའི་སྒོ་ནས་ཕྱོགས་སྡོམ་བྱས་པ་དང་། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི‘ཕྱོགས་ལྔ་གཞི་གཅིག’གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན། གོ་ལ་ཧྲིལ་པོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལམ་བུ་མཉམ་དུ་ཇུས་འགོད་བྱས་པ་བཅས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་རེད། རྒྱབ་ཤ་དཀར་པོའི་དེབ་བཏོན་པ་དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ཁྲིད་སྟོན་དུ་བྱེད་པ། རྒྱལ་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་གྱི་བཀོད་སྒྲིག་དང་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་བཅས་ཀྱི་བྱེད་ཐབས་ནུས་ལྡན་ཞིག་རེད”ཅེས་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་ལས་སྒོ་ཁྲུའུ་ཡི་འགན་འཁུར་བས་བཤད་པ་རེད།
“གོམ་སྟབས་རྗེས་མར་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་དང་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་དང་རྒྱལ་ཡོངས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་འཐབ་ཇུས་དམིགས་ཚད་ལ་གཞིགས་ཏེ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་དང་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་སྒྲིག་གཞི་སྒྱུར་བཅོས་ལ་དམ་འཛིན་ཤུགས་ཆེན་བྱེད་པ། སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་རྒྱུར་དམ་འཛིན་ཤུགས་ཆེན་བྱེད་པ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལས་དོན་ལ་དམ་འཛིན་ཤུགས་ཆེན་བྱེད་པ། ཁོར་ཡུག་ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་ལས་དོན་ལ་དམ་འཛིན་ཤུགས་ཆེན་བྱེད་པ། ལྗང་མདོག་སྣོད་བཅུད་རིག་གནས་གཏོད་རྒྱུར་དམ་འཛིན་ཤུགས་ཆེན་བྱེད་པ་བཅས་བྱ་རྒྱུ་ཡིན”ཞེས་འགན་ཁུར་བ་དེས་བློ་རྩ་བརྟན་པོས་བཤད་པ་རེད།
རྒྱབ་ཤ་དཀར་པོའི་དེབ་བཏོན་རྗེས་རང་ལྗོངས་ཀྱི་རྒྱ་ཆེའི་མང་ཚོགས་ཚོས་ཉེ་འགྲམ་གྱི་འགྱུར་ལྡོག་དང་། རྒྱུན་གཏན་འཚོ་བ་དང་དེ་བཞིན་ལས་ཀ་དང་ཟུང་འབྲེལ་བྱས་ཏེ་སྣོད་བཅུད་ཁོར་ཡུག་ལེགས་སུ་ཕྱིན་ལུགས་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་ལུགས་ལྷུག་པོར་གླེང་བ་རེད། ལྷ་སའི་གྲོང་མི་ལི་ཧྥ་ཝུའེ་ཡིས“ང་ནི་2012ལོར་ལྷ་སར་ལས་ཀ་བྱེད་པར་ཡོང་བ་ཡིན། ཐོག་མར་ང་ལ་བྱུང་བའི་ཚོར་སྣང་ནི་ལྷ་སའི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་རེད་འདུག ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ངར་ལྷ་ས་གྲོང་ཁྱེར་གྱི་སྣོད་བཅུད་ཁོར་ཡུག་ལེགས་སུ་ཕྱིན་པ་མིག་མཐོང་ལག་ཟིན་བྱུང་། མངོན་གསལ་དོད་ཤོས་ནི་ཁང་པའི་ཕྱིར་བསྲེགས་ཟས་སྲེག་མཁན་མེད་པ་དང་། སྤྱི་སྤྱོད་རླངས་འཁོར་ཁོར་ཡུག་སྲུང་སྐྱོང་གི་རླངས་འཁོར་དུ་གྱུར་བ། རྡོ་སོལ་གྱི་ཐབ་རང་བྱུང་སོལ་རླངས་དུ་གྱུར་པ་བཅས་རེད། དེས་མ་ཚད་ལྷོ་རིའི་སྤྱི་གླིང་དུ་སྐྱོད་སྐབས་སུམ་རྩེན་དགའ་ཚལ་དུ་སླེབས་པ་ལྟར་གྱི་སྣང་བ་ཞིག་ཤར་བ་དང་། མྱོང་ཚོར་ཟབ་ཤོས་ནི་ལྷ་ས་གྲོང་ཁྱེར་གྱིས་ཁྲིམས་འགལ་སྐྲུན་དངོས་བཤིག་ནས་སྔོ་ལྗང་ཁུལ་འཛུགས་སྐྲུན་དང་ས་སྟོང་དུ་ལྗོན་ཤིང་འཛུཌ་པ་སོཌ་ཀྱི་བྱེད་ཐབས་ལ་བརྟེན་ནས་གྲོང་ཁྱེར་གྱི་སྔོ་ལྗང་ཁུལ་གྱི་རྒྱ་ཁྱོན་ཆེ་རུ་གཏོང་གང་ཐུབ་བྱས་ཏེ་གྲོང་ཁྱེར་གྱི་སྣོད་བཅུད་སྤུས་ཚད་ཧ་ཅང་ལེཌ་སུ་ཕྱིན་སོང་། ང་ད་བར་བོད་ལྗོངས་གསོ་རིག་སློབ་གླིང་དུ་ལས་ཀ་བྱེད་ཀྱི་ཡོད། ལོ་དེ་དག་ནང་རང་ཉིད་ལ་བག་ཆཌ་ཟབ་ཤོས་ནི་དགེ་སློབ་ཚོའི་རི་ཆུ་ཀླུང་གསུམ་ལ་གཅེས་པའི་འདུ་ཤེས་ཟབ་ཏུ་ཕྱིན་པ་དེ་རེད། ཉལ་ཁང་དང་། སློབ་ཁང་། གཞུང་ལས་ཁང་བཅས་ཚང་མར་སྔོ་ལྗང་རྩི་ཤིང་དང་མེ་ཏོག་མཐོང་རྒྱུ་ཡོད་ཅེས་བརྗོད་ཆོག”ཅེས་བཤད་པ་རེད།