དབུ་ཤོག>སྲིད་དོན།
  • སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་བཀོད་འདོམས་པུའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-07-19

    ཚེས་16ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་བཀོད་འདོམས་པུའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་གཙོ་སྐྱོང་གནང་ནས་ལྗོངས་ཏང་ཨུད་སྐབས་དགུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་66པ་དང་སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་ལག་བསྟར་དོན་འཁྱོལ་གྱིས་གྲ་སྒྲིག་ལས་དོན་གྱི་འཕེལ་རིམ་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། གྲ་སྒྲིག་ལས་དོན་གྱི་འབྲེལ་ཡོད་གནད་དོན་ཞིབ་འཇུག་དང་། མིག་སྔའི་ལས་དོན་བཀོད་སྒྲིག་བྱས་ཤིང་། ཁོང་གིས་སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་ཡག་པོ་གཉེར་རྒྱུ་ནི་རང་ལྗོངས་ཀྱི་མིག་སྔའི་དོན་ཆེན་ཞིག་རེད། གྲ་སྒྲིག་ལས་དོན་གྱི་དུས་ཚོད་ཛ་དྲག་པ་དང་ལས་འགན་ལྕི་བས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱིའི་ཇུས་གཞིར་ནན་པོར་གཞིགས་ཏེ། ལས་འགན་ཁག་བགོས་སྔར་བས་ཁ་གསལ་བཟོ་བ་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས། སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་ཀྱི་གྲ་སྒྲིག་ལས་དོན་བྲེལ་བརྩོན་ཆེ་བ་དང་། གོ་རིམ་ལྡན་པ། ཏན་ཏིག་བཅས་ཀྱི་སྒོ་ནས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཀྲོང་ཡན་གྱིས་གྲ་སྒྲིག་གི་འཕེལ་རིམ་གནས་ཚུལ་དང་ལས་དོན་ཚོགས་ཆུང་ཁག་གི་ལས་ཀའི་སྙན་སེང་གསན་རྗེས། བོད་ལྗོངས་འགྲེམས་ཚོགས་ནི་ཀྲུང་དབྱང་གིས་ཆོག་མཆན་གནང་བའི་རང་ལྗོངས་ཀྱི་རྒྱལ་སྤྱིའི་རང་བཞིན་གྱི་རྩེ་རིམ་འགྲེམས་ཚོགས་འབའ་ཞིག་དེ་རེད། བོད་ལྗོངས་འགྲེམས་ཚོགས་ཡག་པོ་གཉེར་རྒྱུ་དེ་རང་ལྗོངས་སུ་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་བའི་གྲུབ་འབྲས་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་བྱ་གཞག་ཁག་ལ་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པར་བྱེད་རྒྱུ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གང་ལེགས་མཚོན་པར་བྱེད་རྒྱུ། རང་ལྗོངས་ཀྱི་ཡུལ་སྐོར་དང་རིག་གནས་འཕེལ་རྒྱས་ཆེ་མོར་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་གྲུབ་འབྲས་ཐོབ་པའི་སྒོ་ནས་གཉེར་རྒྱུར་ཚད་མཐོའི་མཐོང་ཆེན་གནང་སྟེ་བོད་ལྗོངས་འགྲེམས་ཚོགས་ཀྱི་གྲ་སྒྲིག་ལས་དོན་ལ་ཞིབ་འཇུག་ཐེངས་མང་གནང་བ་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷས་སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་ཡག་པོ་གཉེར་རྒྱུའི་ཐད་མཛུབ་སྟོན་རབ་དང་རིམ་པ་གནང་བ་དང་ཞིབ་ཅིང་ཕྲ་བའི་བླང་བྱ་བཏོན་གནང་ཡོད་པ་རེད། བཀོད་འདོམས་པུའི་ཁོངས་མིའི་ཚན་པ་ཁག་དང་ལས་དོན་ཚོགས་ཆུང་ཁག་གིས་བསམ་བློ་དང་བྱ་སྤྱོད་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱས་ནས། འགན་འཁྲིའི་བསམ་པ་དང་དགོས་གཏུགས་ཀྱི་བསམ་པ་སྔར་བས་ཆེ་རུ་བཏང་སྟེ། དུས་འགོའི་གྲ་སྒྲིག་ལས་དོན་གྱི་རྨང་གཞིའི་ཐོག་དུས་ཚོད་ཀྱིས་མི་མི་སྒུག་པས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་སྙིང་སྟོབས་ཀྱི་ཐོག་ནས་ཡང་འབད་བསྐྱར་འབད་དང་། ནུས་ཤུགས་ཡོད་རྒུ། ལས་ཡུན་ལྡོག་སྒྲིག གྲ་སྒྲིག་ཨང་བསར་བཅས་བྱས་ཏེ། སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་དེ་གྲོན་ཆུང་དང་། དངོས་སྒྲུབ། ཕན་ཆེ་བཅས་ཀྱི་འགྲེམས་ཚོགས་གཟབ་རྒྱས་ཤིག་གཉེར་དགོས་པའི་མཛུབ་སྟོན་གནང་བ་རེད།

    ཚོགས་འདུའི་ཐོག་ཀྲོང་ཡན་གྱིས་ད་དུང་ལས་དོན་ཚོགས་ཆུང་ཁག་དང《སྐབས་བཞི་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས་ཀྱི་འགན་འཁྲིའི་ཡི་གེར》མིང་རྟགས་ཀྱང་བཀོད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།