དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཀྱིས་ལྗང་མདོག་འཕེལ་རྒྱས་དམིགས་ཚད་ཀྱི་ལོ་འཁོར་གདེང་འཇོག་ལས་དོན་བཀོད་གཏོང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-07-13

    ཝ ཚེས་10ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་ལྗང་མདོག་འཕེལ་རྒྱས་ཀྱི་དམིགས་ཚད་ལས་དོན་གྱི་སྐུལ་འདེད་གནས་ཚུལ་གསན་པ་དང་ལྷག་པའི་གནད་དོན་ལ་ཞིབ་འཇུག་དང་དབྱེ་ཞིབ་གནང་བ་དང་འབྲེལ་གོམ་སྟབས་རྗེས་མའི་ལས་དོན་ཡང་བཀོད་སྒྲིག་གནང་བ་རེད།

    ཁོང་གིས་ལྗང་མདོག་འཕེལ་རྒྱས་དམིགས་ཚད་ཀྱི་ལོ་འཁོར་གདེང་འཇོག་ལས་འགན་བདེ་བླག་ངང་བསྒྲུབ་རྒྱུའི་དུས་ཚོད་ཛ་དྲག་པ་དང་ལས་འགན་ལྕི་བས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས་འགན་འཁྲི་འཁུར་རྒྱུར་ཤུགས་སྣོན་རྒྱག་པ་དང་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ2017ལོའི་ལོ་འཁོར་གྱི་རང་ལྗོངས་ཀྱི་ལྗང་མདོག་འཕེལ་རྒྱས་སྟོན་གྲངས་ཀྱི་རྒྱལ་ཡོངས་ཀྱི་ཨང་རིམ་མཐོ་རུ་གཏོང་རྒྱུའི་དམིགས་ཚད་འགན་ལེན་བྱེད་དགོས་ཞེས་ནན་གཤད་གནང་བ་རེད།

    ཀྲོང་ཡན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་ནས་སྣོད་བཅུད་ཤེས་དཔལ་མ་ལག་མགྱོགས་མྱུར་བསྐྲུན་ཏེ་ལྗང་མདོག་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་ཡོད། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱས་ནས་འཐབ་ཇུས་བཀོད་སྒྲིག་རབ་དང་རིམ་པ་བཏོན་ཡོད་པ་རེད།

    ལྗང་མདོག་འཕེལ་རྒྱས་ཀྱི་སྟོན་གྲངས་ལས་བོད་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཀྱི་གྲུབ་འབྲས་གསར་ཤོས་དང་། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་འཕེལ་རིམ་གསར་ཤོས། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་བསྐྲུན་པའི་གྲུབ་འབྲས་གསར་ཤོས་བཅས་གཅིག་སྡུད་མངོན་གྱི་ཡོད་པས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་གལ་ཆེན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་ནན་ཏན་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་བྱེད་པ་རྩ་བའི་བྱེད་ཐབས་སུ་བརྩིས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་པ། འགན་འཁྲི་འཁུར་ཕོད་པ་དང་རང་འགུལ་ངང་བྱ་སྤྱོད་སྤེལ་བ་བཅས་བྱས་ཏེ་ལས་དོན་ཁག་སྒྲུབ་རྒྱུ་འདོར་མེད་ཀྱི་ལས་འགན་དུ་བརྩིས་ཏེ་དམ་འཛིན་གྱིས་དམིགས་ཚད་ཀྱི་ཨང་རིམ་འཕར་རྒྱུའི་ལས་འགན་ཁག་དུས་བཀག་ལྟར་ལེགས་གྲུབ་བྱ་རྒྱུའི་འགན་ལེན་བྱེད་དགོས་ཞེས་གསུངས།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།