དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-07-10

    ཉེ་ཆར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། 《ཚེ་གང་གི་ལས་རིགས་རྩལ་ནུས་གསོ་སྦྱོང་ཁྱབ་གདལ་གཏོང་བའི་ལམ་ལུགས་འཛུགས་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལག་བསྟར་བསམ་འཆར》དང་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་བྱེད་པའི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་དང་གྲོས་བསྡུར་བྱས་པ་རེད། ཁོང་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་དང་འགན་འཁྲི་འཁུར་སེམས་ནན་དུ་བཏང་སྟེ་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་བྱེད་པ་དང་ངལ་རྩོལ་པའི་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ཐོག་མི་ཤུགས་ཐོན་ཁུངས་ཀྱི་ཚན་རིག་དང་མཐུན་ལ་ལུགས་མཐུན་བཀོད་སྒྲིག་མངོན་འགྱུར་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཀྲོང་ཡན་གྱིས་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་ལས་དོན་སྤེལ་རྒྱུ་དེས་རང་ལྗོངས་ཀྱི་ལས་བྱེད་དཔུང་ཁག་གི་གྲུབ་ཆ་ལེགས་སྒྲིག་བྱེད་རྒྱུར་ཕན་ཐོགས་པ་དང་ལས་ཞུགས་ཀྱི་གནོན་ཤུགས་ཆུང་དུ་གཏོང་ཐུབ་པ་མ་ཟད། མི་རིགས་དབར“གཅིག་ལ་གཅིག་འབྲེལ་དང་། ཕན་ཚུན་མཉམ་འདྲེས”ཀྱི་ཆུ་དང་འོ་མ་འདྲེས་པ་ལྟ་བུའི་རྣམ་པ་བཟང་པོ་ཆགས་རྒྱུར་ཕན་ཐོགས་ཡོད་པས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་དང་འབྲེལ་བ་ཡོད་པ་དང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་རྒྱུ་དང་འབྲེལ་བ་ཡོད་པ། འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད་པ་བཅས་རེད། 

     རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱེད་པ་དང་མཐོ་སློབ་སློབ་ཐོན་སློབ་མའི་སྲིད་གཞུང་གི་ལས་ཞུགས་དང་ཁྲོམ་རའི་ལས་ཞུགས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མ་ཐབས་ལམ་མང་བརྒྱུད་ལས་ཞུགས་ཐུབ་སྟེ་ལྗོངས་ཡོངས་ཀྱི་ལས་ཞུགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་ཡོང་རྒྱུའི་འགན་ལེན་བྱེད་དགོས་ཞེས་བསྟན་གནང་བ་རེད། ཀྲོང་ཡན་གྱིས་འདི་ལོ་རང་ལྗོངས་ཀྱི་ལས་ཞུགས་བོད་སྐྱོར་ལས་དོན་འགོ་ཡག་པོ་བཙུགས་ནས་ཕན་འབྲས་རགས་ཙམ་ཐོན་ཡོད་ཅེས་གསུངས་པ་དང་། ཁོང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལྗོངས་ནང་ཁུལ་གྱི་ལས་ཞུགས་དང་ལྗོངས་ཕྱིའི་ལས་ཞུགས་ཀྱི་འབྲེལ་བ་སྟངས་འཛིན་ཡག་པོ་བྱས་ཏེ་གཙོ་རྒོལ་ཁ་ཕྱོགས་གསལ་པོ་ཡོད་པ་དང་། ལས་ཀའི་བྱ་ཐབས་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། རྒྱུགས་བསྡུའི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ། ལས་ཞུགས་བོད་སྐྱོར་ལ་སྐུལ་འདེད་གཏོང་བ། དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྙིང་རུས་ཆེན་པོར་བརྟེན་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།