དབུ་ཤོག>སྲིད་དོན།
  • ཅང་ཅེས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-07-09

    ཟླ་7ཚེས་4ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་རང་ལྗོངས་ཀྱི་བཙོག་ཆུ་དང་གད་སྙིགས་གཙང་སེལ་ལས་ཀའི་སྙན་ཞུ་གསན་པ་དང་རང་ལྗོངས་ཀྱི་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

    ཅང་ཅེས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གྲོང་གསེབ་དར་རྒྱས་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་གཏིང་ཟབ་བྱ་རྒྱུའི་ཐད་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས་ང་ཚོས་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་པ་དང་། མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་པ། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་སྐྲུན་པ་བཅས་བྱེད་པའི་ཐད་གཞི་འཛིན་ས་གལ་ཆེན་མཁོ་འདོན་གནང་ཡོད། རིམ་ཁག་སྡེ་ཚན་ཁག་གིས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་དབྱང་གི་བླང་བྱ་གཞིར་བཟུང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་བཙོག་ཆུ་དང་གད་སྙིགས་གཙང་སེལ་ལས་དོན་དེ་རང་ལྗོངས་ཀྱི་འགག་སྒྲོལ་དམག་འཐབ་གསུམ་ཡག་པོ་རྒྱག་པ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ལ་བརྩིས་ནས་ནུས་ཤུགས་ཡོད་རྒུས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་དགོས་ཞེས་བསྟན་གནང་བ་རེད།

    ཅང་ཅེས་རིམ་ཁག་སྲིད་གཞུང་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ཞིང་འབྲོག་ཁུལ་གྱི་བཙོག་ཆུ་དང་གད་སྙིགས་གཙང་སེལ་དང་སྦགས་བཙོག་འགོག་བཅོས་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། དཔེ་སྟོན་སྔོན་སྒྲུབ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རང་སྐྱོང་ལྗོངས་ཀྱི་ཚོད་ལྟའི་ལས་དོན་དང་གྲོང་ཁྱེར་རིམ་པའི་ཚོད་ལྟའི་ལས་དོན་ཡག་པོ་སྒྲུབ་པའི་རྨང་གཞིའི་ཐོག་ཉམས་མྱོང་བྱུང་རྗེས་རིམ་བཞིན་སྐུལ་འདེད་གཏོང་བ་དང་གཅིག་སྐྲུན་པ་དང་གཅིག་སྒྲུབ་པ་མཐའ་འཁྱོངས་བྱེད་དགོས་པ་དང་། ཚན་རྩལ་ལ་བརྟེན་ནས་སྦགས་བཙོག་འགོག་བཅོས་མཐའ་འཁྱོངས་ཀྱིས་རིགས་པས་ཁུངས་སྐྱེལ་གང་ལེགས་དང་བོད་ཀྱི་ཁྱད་ཆོས་དང་འཚམ་པའི་བཟོ་རྩལ་ལག་རྩལ་སྤྱད་དེ་སྤྱོད་གོ་ཆོད་པ་དང་དངོས་སྤྱོད་དང་། ཆེ་རྔམ་ཕྱི་གཉེར་མི་བྱེད་པ་མཐའ་འཁྱོངས་བྱེད་དགོས་པ། སྤྱོད་གོ་ཆོད་པ་དང་། འདང་ངེས་སྤྱོད་པའི་རྩ་དོན་མཐའ་འཁྱོངས་ཀྱིས་འཆར་འགོད་ལུགས་མཐུན་དང་། བར་མཐོངས་སྔོན་ཉར། དུས་དབྱེ་འཛུགས་སྐྲུན་བཅས་བྱེད་དགོས་པ། སྤུས་ཚད་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས“སྤགས་གོང་ལས་གྲྭ”དང་ཕྱི་ཚུལ་གྱི་ལས་གྲྭ་བཀག་འགོག་བྱེད་དགོས་པ། གཅིག་གྱུར་འགན་ལེན་མཐའ་འཁྱོངས་ཀྱིས་ཞིབ་མཆན་འགོད་པའི་ལས་ཕྱོད་ཆེ་རུ་གཏོང་དགོས་པ། སྤྱི་ཚོགས་ཀྱི་ཕན་འབྲས་དང་སྣོད་བཅུད་ཕན་འབྲས་གལ་ཆེ་མཉམ་བརྩི་མཐའ་འཁྱོངས་ཀྱིས་ཁོར་ཡུག་སྲུང་སྐྱོང་དང་སྣོད་བཅུད་ཕན་ཚུན་གཅིག་གྱུར་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་རྣམ་གྲངས་དེ་མི་སེར་གྱི་དགའ་བསུ་ཐོབ་པའི་དམངས་སེམས་ལས་གྲྭར་སྐྲུན་དགོས་པ། གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་མཐའ་འཁྱོངས་ཀྱིས་བཀོད་སྒྲིག་ལུགས་མཐུན་དང་འཛུགས་སྐྲུན་གྱི་མ་གནས་ཚོད་འཛིན་ནན་པོ་བྱས་ཏེ་གཉེར་སྐྱོང་མ་གནས་ལ་བསམ་གཞིག་གང་ལེགས་བྱས་ནས་རྣམ་གྲངས་འཛུགས་སྐྲུན་ཡག་པོ་དང་བེད་སྤྱོད་ཡག་པོ་གཏོང་ཐུབ་པ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།