དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་ཁོང་གནས་སའི་ཏང་ཀྲི་པུའི་བརྗོད་དོན་གཙོ་བོའི་བྱེད་སྒོར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-07-06

    ཏང་དབུ་བརྙེས་ནས་ལོ་97འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་ཀྱི་ཚེས་3ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་ཁོང་གནས་སའི་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་དྲུང་ཡིག་ཁྲུའུ་གཉིས་པ་དང་དྲུང་ཡིག་ཁྲུའུ་དྲུག་པས་ཏང་ཀྲི་པུའུ་དང་མཉམ་འབྲེལ་བྱས་ཏེ“བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི”བྱེད་སྒོ་སྤེལ་བའི་ནང་ཞུགས་པ་དང་འབྲེལ་ཀྲི་པུའི་ཏང་ཡོན་ཡོངས་དང་ལྷན་དུ་ཐན་ཀོན་སན་གྱི་དྲན་གསོ་ཁང་དུ་ཕེབས་ནས་དྲན་གསོའི་རྡོ་རིང་མཇལ་བ་དང་ཏང་ཞུགས་དམ་བཅའ་བསྐྱར་མཇོག་གནང་སྟེ་ཏང་ཀྲི་པུའུ་ཡི་ཁོངས་མི་དང་ལྷན་དུ་སློབ་སྦྱོང་སྤེལ་རེས་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་དང་འཇམ་དཔལ་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་བྱེད་སྒོར་ཞུགས་པ་རེད།

    ལོ་རྒྱུས་ཀྱི་རྩ་ཆེའི་པར་རིས་རེ་རེ་བཞིན་དང་སྐྱ་སེར་དུ་གྱུར་པའི་ཕྱག་རིས་རེ་རེ་བཞིན་གཟིགས་བཞིན་ཀྲོང་ཡན་དང་ཀྲི་པུའི་ཏང་ཡོན་ཚོས་འགྲེམས་སྟོན་ཁང་དུ་ཕེབས་ནས་བཀའ་འདྲི་ཞིབ་ཕྲ་གནང་བ་དང་གཟབ་ནན་ངང་གསན་ཏེ་དམག་དཔོན་ཐན་ཀོན་སན་གྱི་ཁྱད་དུ་འཕགས་པའི་ལེགས་སྐྱེས་ལ་དྲན་གསོ་ཞུས་པ་དང་། ཁོང་གི་གསར་བརྗེའི་སྙིང་སྟོབས་དང་བླ་ན་མེད་པའི་གཤིས་རྒྱུད་ལ་རྗེས་དྲན་ཞུས་པ་རེད། ཀྲོང་ཡན་གྱིས་བློ་མཐུན་ཐན་ཀོན་སན་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་བློ་དཀར་སེམས་དཀར་གྱི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ་ཞིག་དང་། རང་དམག་གི་མཐོ་རིམ་དམག་དཔོན། ཕུལ་དུ་བྱུང་བའི་ཆབ་སྲིད་ལས་དོན་པའི་འགོ་ཁྲིད་པ། ཏང་གི་མི་རིགས་ལས་དོན་གྱི་ལག་ལེན་པ་དང་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་མིག་དཔེ་བཅས་ཡིན་པས་ཀྲུང་གོ་གསར་པ་འཛུགས་པ་དང་མི་དམངས་ལ་བཅིངས་འགྲོལ་གཏོང་བའི་བྱ་གཞག་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་དང་ལྷག་པར་དུ་བོད་དུ་དཔུང་སྐྱོད་དང་། བོད་ལ་བཅིངས་འགྲོལ་གཏོང་བ། བོད་ལྗོངས་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཆེད་དུ་ཉམས་པ་མེད་པའི་བྱས་རྗེས་བཞག་ཡོད་ཅེས་གསུངས་པ་རེད།

    གཟིགས་སྐོར་མཇུག་འགྲིལ་རྗེས་ཀྲོང་ཡན་དང་ཀྲི་པུའུ་ཡི་ཏང་ཡོན་ཡོངས་ཀྱིས་དྲན་གསོ་ཁང་ནང་ཏང་ཞུགས་དམ་བཅའ་བསྐྱར་འཇོག་གནང་བ་རེད།

    དེ་རྗེས་འཚོགས་པའི་སློབ་སྦྱོང་སྤེལ་རེས་ཚོགས་འདུའི་ཐོག་ཀྲི་པུའི་ཁོངས་མིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཉམས་མྱོང་སྤེལ་རེས་བྱེད་པ་དང་མྱོང་ཚོར་གླེང་བ་རེད། ཀྲོང་ཡན་གྱིས་ཀྱང་ཚང་མར་རང་ཉིད་ལྟ་སྐོར་དང་སློབ་སྦྱོང་གི་མྱོང་ཚོར་གླེང་གནང་བ་དང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྔོན་གཤེགས་དཔའ་བོ་གྲངས་ལས་འདས་པ་ནི། ང་ཚོའི་མི་རིགས་ཀྱི་ཀ་གདུང་ལྟ་བུ་དང་། ང་ཚོས་རྒྱུན་ཆད་མེད་པར་གསར་འབྱེད་མདུན་སྐྱོད་བྱེད་པའི་བློ་སྟོབས་དང་སྟོབས་ཤུགས་གནས་ས་རེད། བློ་མཐུན་ཐན་ཀོན་སན་ལ་དྲན་གསོ་ཞུ་བར་ཁོང་གི་ཕུགས་བསམ་དང་དད་སེམས་བརྟན་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་ལ་སློབ་སྦྱོང་བྱེད་དགོས་པ་དང་། མི་དམངས་ཀྱི་གཙོ་འཛིན་དང་། དམངས་དཔུང་གི་སྤྱི་ཁྱབ་བཀོད་འདོམས་པ། ཏང་ཡོངས་ཀྱི་སྲོག་ཤིང་བཅས་ཡིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ལྷག་བསམ་རྣམ་དག་བྱེད་མཁན་ཞིག་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོ་བསྒྲེངས་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། ཕུགས་བསམ་དང་དད་སེམས་བརྟན་པོ་བཅས་བྱས་ཏེ་རང་རྟོགས་ངང་བསམ་བློ་དང་། བྱ་སྤྱོད། ཆབ་སྲིད་བཅས་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས་པ་དང་། ཁོང་གི་མེས་རྒྱལ་གྱི་མཐའ་མཚམས་བརྟན་སྲུང་བྱེད་པའི་གསར་བརྗེའི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ཏེ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་མཁན་ཞིག་བྱས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཏེ་མཐའ་མཚམས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་དང་། དམག་དམངས་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་བཏང་ནས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”ཧུར་ཐག་བྱེད་དགོས་པ། ཁོང་གི་དམིགས་ཡུལ་ལག་བསྟར་བྱེད་པའི་དམངས་ཆེད་ཀྱི་བརྩེ་སེམས་ལ་སློབ་སྦྱོང་བྱས་ཏེ་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་ཞབས་ཞུ་མཁན་ཞིག་བྱས་ཏེ་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱེད་པ་དང་། “གྲུ་དམར་གྱི་སྙིང་སྟོབས”དང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས” “ལམ་གཉིས་ཀྱི་སྙིང་སྟོབས”བཅས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་བོད་ཀྱི་འཕེལ་རྒྱས་དོན་གཉེར་བྱེད་པ་དང་། མང་ཚོགས་ཀྱི་བདེ་སྐྱིད་དོན་གཉེར་བྱེད་པ་དང་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་ནུས་པ་འདོན་དགོས་པ་བཅས་རེད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།