དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་བཞི་པ་དང་ཀྲུའུ་རེན་གྱི་ཚོགས་འདུ་ཐེངས་9པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-07-05

    ཚེས་3ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཞི་པ་དང་ཀྲུའུ་རེན་གྱི་ཚོགས་འདུ་ཐེངས་9པ་གཙོ་སྐྱོང་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྡོ་ཐོགས་དང་། བསྟན་འཛིན་རྣམ་རྒྱལ། བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན། འོད་ཟེར། ཞུས་ཞུའེ་ཀོང་། ཅུས་ཅན་ཧྭ། ལི་ཝུན་ཧན། ཉི་མ་ཚེ་རིང་། ཅིས་གོ་ཀང་། མ་ཧྲེང་ཁྲང་། ཝང་ཅུན་བཅས་དང་དེ་བཞིན་དྲུང་ཆེ་ལིའུ་ཀོང་ཤུས་ཚོགས་འདུར་ཞུགས་པ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གྱི་ཚོགས་འདུ་ཐེངས་9པའི་ཐོག་བསྐོ་འཐེན་གྱི་དོན་ཚན་ལ་ཞིབ་བཤེར་བྱས་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཞི་པ་དང་ལྔ་པའི་གྲོས་རིམ་འཆར་ཟིན་དང་ཉིན་རེའི་ལས་རིམ་བཀོད་སྒྲིག་ལ་ཞིབ་འཇུག་བྱས་པ་རེད། ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ལྔ་པ་ཟླ་7པའི་ཟླ་མཇུག་ཏུ་འཚོག་རྒྱུ་གཏན་འཁེལ་བྱས་པ་དང་གྲོས་འགོ་བཏོན་པའི་ཚོགས་འདུའི་གྲོས་རིམ་གྲས་སུ《བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་དཔྱད་འདོམས་དོ་དམ་སྲོལ་ཡིག(འཆར་ཟིན)》ལ་གྲོས་ཞིབ་བྱ་རྒྱུ་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་2017ལོའི་རིམ་པ་འདི་གའི་ནོར་སྲིད་མཇུག་རྩིས་སྐོར་གྱི་སྙན་ཞུ་དང་། 2017ལོའི་རིམ་པ་འདི་གའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གཞན་དག་གི་གནས་ཚུལ་སྐོར་གྱི་རྩིས་བཤེར་ལས་དོན་གྱི་སྙན་ཞུ། 2018ལོའི་ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་ལེན་བསྟར་ཚུལ་སྐོར་གྱི་སྙན་ཞུ། 2018ལོའི་ལོ་སྟོད་ཀྱི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱེད་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་གྲོས་ཞིབ་བྱ་རྒྱུ།

    ལྗོངས་ཡོངས་ཀྱི་མི་དམངས་ཁྲིམས་ཁང་གིས་ཕྱོགས་ཡོངས་ནས་ཁྲིམས་འཛིན་སྒྱུར་བཅོས་གཏིང་ཟབ་བྱས་ཚུལ་སྐོར་གྱི་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་སྙན་ཞུར་གྲོས་ཞིབ་བྱ་རྒྱུ། ལྗོངས་ཡོངས་ཀྱི་མི་དམངས་ཞིབ་དཔྱོད་ཁང་གིས་ཕྱོགས་ཡོངས་ནས་ཁྲིམས་འཛིན་སྒྱུར་བཅོས་གཏིང་ཟབ་བྱས་ཚུལ་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་སྙན་ཞུར་གྲོས་ཞིབ་བྱ་རྒྱུ། བསྐོ་འཐེན་གྲོས་གཞིར་གྲོས་ཞིབ་བྱ་རྒྱུ་སོགས་ཚུད་ཡོད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཞི་པའི་ཐོག་ད་ཐེངས་ཀྱི་ཚོགས་འདུའི་གྲོས་རིམ་ལ་གྲོས་འཆམ་བྱུང་རྗེས། ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཀྲུའུ་ལེའང་ཀང་གིས་མི་དོན་བསྐོ་འཐེན་གྱི་དོན་ཚན་སྐོར་གསལ་བཤད་གནང་བ་དང་། ཚོགས་འདུའི་ཐོག་བསྐོ་འཐེན་དོན་ཚན་ལ་གྲོས་ཞིབ་བྱས་པ་དང་འབྲེལ་བརྡས་ཐག་བཅད་ནས་གྲོས་འཆམ་ཡང་བྱུང་བ། ལིའུ་ཅང་གི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་དང་སྤྱི་བདེ་ཐིང་གི་ཐིང་ཀྲང་གི་གོ་གནས་ཕྱིར་འཐེན་བྱ་རྒྱུ་དང་ཀྲང་ཧུང་པོ་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་ཐིང་ཀྲང་ལ་བསྐོ་གཞག་བྱ་རྒྱུའི་གཏན་འབེབས་བྱས་པ། བློ་བཟང་རྒྱལ་མཚན་གྱིས་གསར་དུ་བསྐོ་བཞག་བྱས་པའི་མི་སྣར་བསྐོ་གཞག་ལག་ཁྱེར་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་གསུང་བཤད་གནང་སྐབས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གྲུབ་ཆའི་ཁོངས་མི་དང་། ཆེད་དོན་ཨུ་ལྷན་ཁག ལས་དོན་ཨུ་ལྷན། གཞུང་དོན་ཐིང་བཅས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་། ལྗོངས་ཏང་ཨུད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ལ་འགན་འཁུར་བའི་སྙིང་སྟོབས་ཀྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཁྲིམས་ལྟར་འགན་འཁྲི་ལག་བསྟར་ནན་ཏན་བྱེད་པ་དང་ལས་དོན་ཧུར་ཐག་སྒྲུབ་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ལོ་སྟོད་ཀྱི་ལས་དོན་ཁག་དང་ལྷག་དོན་དུ་ཁྲིམས་འཛུགས་དང་ལྟ་སྐུལ་ཁྲོད་ཀྱི་གཙོ་གནད་ལས་དོན་ཕྱོགས་ཡོངས་ནས་གསེད་བཀྲོལ་དང་ཕྱོགས་སྡོམ་ཡག་པོ་བྱེད་པ་དང་། ལས་འགན་དང་། བླང་བྱ། དུས་ཚད། མི་སྣ་བཅས་དོན་འཁྱོལ་ཡག་པོ་བྱེད་པ། ལོ་སྨད་ཀྱི་ལས་དོན་ཁག་བཀོད་སྒྲིག་ཚགས་ཚུད་དང་སྒྲིག་འཛུགས་ཡག་པོ་བྱེད་པ་བཅས་ཀྱིས་སྐབས་འདིའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགོ་འཛུགས་ལོའི་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཚོགས་འདུ་གྲོལ་རྗེས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་འཚོགས་ཤིང་། རྡོ་ཐོགས་ཀྱིས་གཙོ་སྐྱོང་གནང་བ་དང་གསར་དུ་བསྐོ་གཞག་བྱས་པའི་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་ཐིང་ཀྲང་ཀྲང་ཧུང་པོ་ཡིས་ཡོངས་བསྒྲགས་སུ་རྩ་ཁྲིམས་ལ་དམ་བཅའ་བཞག་པར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གྲུབ་ཆའི་ཁོངས་མིས་ལྟ་སྐུལ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།