དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཀྱིས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-07-04

    ཚེས་2ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཀྱིས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་ནས་ལྗོངས་ཏང་ཨུད་སྐབས་དགུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་65པའི་དགོངས་དོན་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷའི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། ལྗོངས་ཡོངས་ཀྱི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་གནད་དོན་དག་ཐེར་དང་2018ལོའི་རང་སྐྱོང་ལྗོངས་ཀྱི་རིམ་པ་དེ་གའི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་གྲ་སྒྲིག་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་གསན་པ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ། ནན་ཏན་ངང་རང་འགན་གཙང་སྒྲུབ་དང་། དག་ཐེར་བྱ་རྒྱུར་དམ་འཛིན་ལྷོད་མེད་དང་དམ་འཛིན་ཏན་ཏིག ལྟ་ཞིབ་ནན་པོ་དང་ཏན་ཏིག་བཅས་བྱས་ནས་དག་ཐེར་ལས་དོན་ལ་ཀྲུང་དབྱང་གི་ལྟ་བཤེར་ཐེག་ཐུབ་པ་དང་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཀྲོང་ཡན་གྱིས་རིམ་པ་ཁག་དང་སྡེ་ཚན་ཁག་ལ་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་དག་ཐེར་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས། བསམ་བློའི་ཐད་ཚད་མཐོའི་མཐོང་ཆེན་དང་། འགོ་ཁྲིད་ལ་ཤུགས་སྣོན་ནུས་ལྡན། བྱེད་ཐབས་ཕྱོགས་ཡོངས་ནས་ལེགས་གཏོང་། བྱེད་ཤུགས་ཐད་མུ་མཐུད་ཤུགས་འདོན། ལས་དོན་ཐད་སྟངས་འཛིན་རང་འགུལ་བཅས་བྱས་ཏེ་དག་ཐེར་ལས་དོན་སྤེལ་བའི་ཁྲོད་ཀྱི“སྤྱོད་ཚུལ་བཞིའི”གནད་དོན་དང་། དགོས་པའི་ལས་མི་བྱེད་པར་མི་དགོས་ལས་རྙོག་བཟོ་བ་དང་སྒྱིད་ལུག་གི་སྣང་ཚུལ་སྔོན་འགོག་དང་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས་པ་དང་། དུས་ཚོད་ཀྱི་མཚམས་ཚིགས་ལ་དམིགས་ནས་དག་ཐེར་སླ་བཅོས་གཏན་འགོག་མཐའ་གཅིག་ཏུ་བྱེད་པ་དང་། གཙོ་གནད་ལས་འགན་ལ་དམིགས་ནས་ཕྱི་ཚུལ་དག་ཐེར་གཏན་འགོག་མཐའ་གཅིག་ཏུ་བྱེད་པ། དག་ཐེར་གྱི་སྤུས་ཚད་ལ་དམིགས་ནས་དག་ཐེར་རྫུན་མ་གཏན་འགོག་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱི་ཐོག་ནས་དག་ཐེར་ལས་དོན་ལ་དངོས་ཕན་ཐོབ་རྒྱུའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།