དབུ་ཤོག>སྲིད་དོན།
  • 2017ལོའི་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཀྱི་ཏང་ནང་ཁུལ་གྱི་བསྡོམས་རྩིས་སྤྱི་བསྒྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-07-04

    2017ལོའི་ཟླ་12ཚེས་31ཉིན་བར་ལྗོངས་ཡོངས་ཀྱི་ཏང་ཡོན་བསྡོམས་འབོར་ཁྲི་36.4ཟིན་པ་དེ་ལོ་གོང་མ་ལས་ཁྲི་1.8མང་དུ་ཕྱིན་ནས་འཕར་ཚད་5.3%ཟིན་ཡོད་པ་རེད།

    ལྗོངས་ཡོངས་སུ་ད་ཡོད་ཏང་གི་གཞི་རིམ་རྩ་འཛུགས་ཁྲི་1.9ལྷག་ཙམ་ཡོད་པ་དེ་ལོ་གོང་མ་ལས་2600ལྷག་ཙམ་མང་དུ་ཕྱིན་ནས་འཕར་ཚད་15.8%ཟིན་ཡོད། དེའི་ནང་གཞི་རིམ་ཏང་ཨུད་1500ལྷག་ཙམ་ཡོད་པ་དང་། སྤྱི་ཁྱབ་ཀྲི་པུའུ་900ལྷག་ཙམ་ཡོད་པ། ཀྲི་པུའུ་ཁྲི་1.7ཡོད་པ་བཅས་རེད།

    གཅིག ཏང་ཡོན་དཔུང་ཁག་གི་གནས་ཚུལ།

    ཏང་ཡོན་གྱི་ཕོ་མོ་དང་། མི་རིགས། སློབ་རྒྱུས་བཅས་དབྱེ་ན། བུད་མེད་ཏང་ཡོན་ཁྲི་10.4ཡོད་པ་དེས་ཏང་ཡོན་བསྡོམས་འབོར་གྱི་28.6%བཟུང་ཡོད། གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་ཁྲི་29.7ཡོད་པ་དེས་81.6%བཟུང་ཡོད། མཐོ་རིམ་སློབ་འབྲིང་དང་དེ་ཡན་གྱི་སློབ་རྒྱུས་ལྡན་པའི་ཏང་ཡོན་ཁྲི་16.6ཡོད་པ་དེས་45.7%བཟུང་ཡོད།

    ཏང་ཡོན་གྱི་ལོ་གྲངས། ལོ་30དང་དེ་མན་གྱི་ཏང་ཡོན་ཁྲི་10.8ཡོད་པ་དང་། ལོ་31ནས་35བར་གྱི་ཏང་ཡོན་ཁྲི་6.7ཡོད་པ། ལོ་36ནས་ལོ་40བར་གྱི་ཏང་ཡོན་ཁྲི་4.8ཡོད་པ། ལོ་41ནས་ལོ་45བར་གྱི་ཏང་ཡོན་ཁྲི་3.9ཡོད་པ། ལོ་46ནས་ལོ་50བར་གྱི་ཏང་ཡོན་ཁྲི་3.1ཡོད་པ། ལོ་51ནས་ལོ་55བར་གྱི་ཏང་ཡོན་ཁྲི་2.4ཡོད་པ། ལོ་56ནས་ལོ་60བར་གྱི་ཏང་ཡོན་ཁྲི་1.7ཡོད་པ། ལོ་61དང་དེ་ཡན་གྱི་ཏང་ཡོན་ཁྲི་3ཡོད་པ་བཅས་རེད།

    ཏང་ཡོན་གྱི་ལས་རིགས། ཞིང་འབྲོག་པ་ཁྲི་17.9ཡོད་པ་དང་། ཁེ་ལས་དང་བྱ་གཞག་ཚན་པ་དང་དམངས་བཙུགས་ཀྱི་ཁེ་ལས་མིན་པའི་ཚན་པའི་ཆེད་ལས་ལག་རྩལ་མི་སྣ་ཁྲི་4.4ཡོད་པ། ཁེ་ལས་དང་བྱ་གཞག་ཚན་པ་དང་དམངས་བཙུགས་ཀྱི་ཁེ་ལས་མིན་པའི་ཚན་པའི་དོ་དམ་མི་སྣ་ཁྲི་1.5ཡོད་པ། ཏང་སྲིད་ལས་ཁུངས་ཀྱི་ལས་དོན་མི་སྣ་ཁྲི་7.3ཡོད་པ།སློབ་མ་ཁྲི་0.3ཡོད་པ། ལས་རིགས་གཞན་གྱི་མི་སྣ་ཁྲི་2ཡོད་པ། ལས་བྲལ་དང་རྒན་ཡོལ་ཞུས་པའི་མི་སྣ་ཁྲི་3བཅས་ཡོད་པ་རེད།

    གཉིས། ཏང་ཡོན་འཕེལ་རྒྱས་བཏང་བའི་གནས་ཚུལ།

    2017ལོར་ལྗོངས་ཡོངས་སུ་ཏང་ཡོན་ཁྲི་1.8འཕེལ་རྒྱས་བཏང་བ་དེ་ལོ་གོང་མ་དང་སྤྱིའི་ཆ་ནས་གཅིག་མཚུངས་ཡིན་པ་རེད། འཕེལ་རྒྱས་བཏང་བའི་ཏང་ཡོན་གྱི་ཕོ་མོ་དང་། མི་རིགས། ལོ་ན། སློབ་རྒྱུས་བཅས་ཏེ། བུད་མེད་ཏང་ཡོན་ཁྲི་0.6འཕེལ་རྒྱས་བཏང་བ་དེས34.5%བཟུང་ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་ཁྲི་1.4འཕེལ་རྒྱས་བཏང་བ་དེས་79.5%བཟུང་བ། ལོ་35དང་དེ་མན་གྱི་ཏང་ཡོན་ཁྲི་1.6འཕེལ་རྒྱས་བཏང་བ་དེས་88.7%བཟུང་བ། མཐོ་རིམ་སློབ་འབྲིང་དང་དེ་ཡན་གྱི་སློབ་རྒྱུས་ལྡན་པའི་ཏང་ཡོན་ཁྲི་0.9འཕེལ་རྒྱས་བཏང་བ་དེས་48.5%བཟུང་བ་བཅས་རེད།

    འཕེལ་རྒྱས་བཏང་བའི་ཏང་ཡོན་གྱི་ལས་རིགས་དང་ཁྱབ་ཚུལ། ཞིང་འབྲོག་པ་ཁྲི་0.9དང་། ཁེ་ལས་དང་བྱ་གཞག་ཚན་པ་དང་དམངས་གཉེར་ཁེ་ལས་མིན་པའི་ཚན་པའི་ཆེད་ལས་ལག་རྩལ་མི་སྣ་ཁྲི་0.3 ཁེ་ལས་དང་བྱ་གཞག་ཚན་པ་དང་དམངས་གཉེར་ཁེ་ལས་མིན་པའི་ཚན་པའི་དོ་དམ་མི་སྣ་ཁྲི་0.06 ཏང་སྲིད་ལས་ཁུངས་ཀྱི་ལས་དོན་མི་སྣ་ཁྲི་0.3 སློབ་མ་ཁྲི་0.1 ལས་རིགས་གཞན་གྱི་མི་སྣ་ཁྲི་0.1ཡོད་པ་དང་། ཐོན་སྐྱེད་དང་ལས་ཀའི་འཐབ་ཕྱོགས་དང་པོར་ཏང་ཡོན་ཁྲི་1.6འཕེལ་རྒྱས་བཏང་བ་རེད།

    གསུམ། ཏང་ནང་ཁུལ་གྱི་གཟེངས་བསྟོད་གནས་ཚུལ།

    2017ལོར་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཁྱོན་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ཁྲི་0.1དང་། ཕུལ་བྱུང་གུང་ཁྲན་ཏང་ཡོན་ཁྲི་0.5 ཕུལ་བྱུང་ཏང་དོན་ལས་དོན་པ་ཁྲི་0.2བཅས་ལ་གཟེངས་བསྟོད་བྱས་པ་རེད།

    བཞི། ཏང་ནང་ཞུགས་རྒྱུའི་རེ་ཞུའི་གནས་ཚུལ།

    2017ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་ཏང་ནང་ཞུགས་རྒྱུའི་རེ་ཞུ་བྱེད་མཁན་ཁྲི་8.3ཟིན་པ་དང་ཏང་ཞུགས་ཧུར་བརྩོན་ཅན་ཁྲི་5.1ཟིན་ཡོད་པ་རེད།

    ལྔ། ཏང་རྩ་འཛུགས་ཀྱི་གནས་ཚུལ།

    ཏང་གི་ས་གནས་ཨུ་ཡོན་ལྷན་ཁང་། ལྗོངས་ཡོངས་སུ་ཏང་གི་རིམ་ཁག་ས་གནས་ཨུ་ཡོན་ལྷན་ཁང་80ཡོད་པ་དེའི་ནང་རང་སྐྱོང་ལྗོངས་ཏང་ཨུད་1དང་། གྲོང་ཨུད་5 རྫོང(ཆུས)ཏང་ཨུད་74བཅས་ཡོད་པ་རེད།

    གྲོང་ཁྱེར་ཁྲོམ་གཞུང་དང་། ཤང་དང་གྲོང་རྡལ། སྡེ་ཁུལ(གྲོང་མིའི་ཨུ་ཡོན་ལྷན་ཁང)སྒྲིག་ཚུད་གྲོང་ཚོའི་ཏང་རྩ་འཛུགས། ལྗོངས་ཡོངས་སུ་གྲོང་ཁྱེར་གྱི་ཁྲོམ་གཞུང་12དང་། ཤང་དང་གྲོང་རྡལ་685 སྡེ་ཁུལ(གྲོང་མིའི་ཨུ་ཡོན་ལྷན་ཁང)214 སྒྲིག་ཚུད་གྲོང་ཚོ་5264བཅས་ཚང་མར་ཏང་རྩ་འཛུགས་བཙུགས་ཡོད་པ་དང་ཁྱབ་ཚད་100%ཟིན་ཡོད་པ་རེད།

    ལས་ཁུངས་དང་། བྱ་གཞག་ཚན་པའི་ཏང་རྩ་འཛུགས། ལྗོངས་ཡོངས་ཀྱི་ལས་ཁུངས་དང་ཚན་པ་4000ཙམ་ཡོད་པ་ཚང་མར་ཏང་རྩ་འཛུགས་བཙུགས་ཡོད་པ་དང་། ཁྱབ་ཚད་100%ཟིན་ཡོད། ལྗོངས་ཡོངས་ཀྱི་བྱ་གཞག་ཚན་པ་1700ལྷག་ཙམ་ཡོད་པ་ཚང་མར་ཏང་རྩ་འཛུགས་བཙུགས་ཡོད་པ་དེས་བྱ་གཞག་ཚན་པའི་བསྡོམས་འབོར་གྱི་99.2%བཟུང་ཡོད་པ་རེད།

    ཁེ་ལས་ཀྱི་ཏང་རྩ་འཛུགས། ལྗོངས་ཡོངས་ཀྱི་སྤྱི་དབང་ལམ་ལུགས་ཀྱི་ཁེ་ལས་330ལྷག་ཙམ་ལ་ཏང་རྩ་འཛུགས་བཙུགས་ཡོད་པ་དེས་སྤྱི་དབང་ལམ་ལུགས་ཀྱི་ཁེ་ལས་བསྡོམས་འབོར་གྱི་97.7%བཟུང་ཡོད། གཞི་ཁྱོན་ཡན་གྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་470ལྷག་ཙམ་ཚང་མར་ཏང་རྩ་འཛུགས་བཙུགས་ཡོད་པ་དེས་གཞི་ཁྱོན་ཡན་གྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་བསྡོམས་འབོར་གྱི་100%བཟུང་ཡོད་པ་རེད།

    སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་རྩ་འཛུགས། ལྗོངས་ཡོངས་ཀྱི་སྤྱི་ཚོགས་རྩ་འཛུགས་320ལྷག་ཙམ་ལ་ཏང་རྩ་འཛུགས་བཙུགས་པ་དེས་སྤྱི་ཚོགས་རྩ་འཛུགས་བསྡོམས་འབོར་གྱི་88.4%བཟུང་ཡོད་པ་རེད།

    (ཟུར་མཆན། སྤྱི་བསྒྲགས་འདིའི་བསྡོམས་གྲངས་སམ་ཡང་ན་བལྟོས་བཅས་གྲངས་གཞི་ཁག་ཅིག་ཚན་པའི་འདོར་ལེན་བྱེད་སྟངས་མི་འདྲ་བའི་རྐྱེན་གྱིས་རྩིས་རྒྱག་སྟངས་ལ་ཁྱད་པར་ཡོད་པས་ཚང་མ་འཕྲུལ་ཆས་ཀྱིས་ལེགས་སྒྲིག་བྱས་མེད་པ)

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།