དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་བོད་སྡོད་དཔུང་སྡེས་རིན་ཡོད་ཞབས་ཞུ་ཕྱོགས་ཡོངས་ནས་མཚམས་འཇོག་བྱེད་པའི་ལས་ཀའི་འགོ་ཁྲིད་ཚོགས་ཆུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-06-21

     ཚེས་16ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་བོད་སྡོད་དཔུང་སྡེས་རིན་ཡོད་ཞབས་ཞུ་ཕྱོགས་ཡོངས་ནས་མཚམས་འཇོག་བྱེད་པའི་ལས་ཀའི་འགོ་ཁྲིད་ཚོགས་ཆུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། དུས་མཚམས་གོང་མའི་རིན་ཡོད་ཞབས་ཞུ་མཚམས་འཇོག་གི་ལས་ཀའི་འཕེལ་རིམ་བརྡ་ཁྱབ་བཏང་གནང་བ། 《བོད་སྡོད་དཔུང་སྡེས་རིན་ཡོད་ཞབས་ཞུ་ཕྱོགས་ཡོངས་ནས་མཚམས་འཇོག་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》(གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་མ་ཟིན)ལ་ཞིབ་འཇུག་གྲོས་བསྡུར་གནང་བ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་ཡང་བཀོད་སྒྲིག་གནང་བ་རེད། ཁོང་གིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་ལས་འགན་སྒྲུབ་མཁན་དཔུང་སྡེ་ཁག་གིས་འགན་འཁྲི་ཁུར་སེམས་ཆེ་རུ་བཏང་སྟེ་དམག་དཔུང་དང་ས་གནས་མཉམ་ལས་དམ་ཟབ་བྱེད་པ་དང་། ཁྲིམས་ལྟར་ལས་དོན་བསྒྲུབས་ཏེ་བོད་སྡོད་དཔུང་སྡེས་རིན་ཡོད་ཞབས་ཞུ་ཕྱོགས་ཡོངས་ནས་མཚམས་འཇོག་བྱེད་པའི་ལས་དོན་དུས་བཀག་ནང་ཐུགས་གྲ་ལེགས་འགྲིག་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད། 

    ཀྲོང་ཡན་གྱིས་དཔུང་སྡེས་རིན་ཡོད་ཞབས་ཞུ་ཕྱོགས་ཡོངས་ནས་མཚམས་འཇོག་བྱེད་པའི་ལས་དོན་ནི་ཏང་ཀྲུང་དབྱང་དང་། ཀྲུང་དབྱང་དམག་ཨུད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བཅས་ཀྱིས་བཏོན་གནང་བའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་ས་གནས་ཀྱི་ཏང་ཨུད་དང་སྲིད་གཞུང་དང་དམག་དཔུང་གི་ཆབ་སྲིད་ལས་འགན་གལ་ཆེན་ཡིན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་བོད་དམག་ཁུལ་ཁང་གིས་བོད་སྡོད་དཔུང་སྡེས་རིན་ཡོད་ཞབས་ཞུ་མཚམས་འཇོག་བྱེད་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་སྐུ་ངོ་མས་རིན་ཡོད་ཞབས་ཞུ་མཚམས་འཇོག་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གི་འགན་བཞེས་ཏེ་བོད་སྡོད་དཔུང་སྡེས་རིན་ཡོད་ཞབས་ཞུ་མཚམས་འཇོག་བྱེད་པའི་ལས་དོན་ལ་ཕྱོགས་ཡོངས་ནས་སྤྱི་འདོམས་འཆར་འགོད་གནང་བ་དང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་སྲིད་གཞུང་དང་ལས་སྒྲུབ་དཔུང་སྡེས་བཀའ་འབྱོར་མ་ཐག་བྱ་སྤྱོད་སྤེལ་ཏེ་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ལེགས་གྲུབ་ཀྱི་དུས་བཀག་གསལ་པོ་བཟོ་བ། འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ། ལྟ་སྐུལ་ཞིབ་བཤེར་ལ་མཐོང་ཆེན་བྱེད་པ་བཅས་བྱས་པས་བོད་སྡོད་དཔུང་སྡེས་རིན་ཡོད་ཞབས་ཞུ་ཕྱོགས་ཡོངས་ནས་མཚམས་འཇོག་བྱེད་པའི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་བཟང་པོ་ཐོབ་ཡོད། གྲུབ་འབྲས་དེ་དག་ནི་ལས་སླ་པོར་བྱུང་བ་ཞིག་མིན་པས་ཁས་ལེན་གང་ལེགས་བྱེད་འོས་པ་ཞིག་ཡིན་ཞེས་གསུངས་པ་རེད། 

    ཀྲོང་ཡན་གྱིས་རིམ་ཁག་སྡེ་ཚན་ཁག་དང་ལས་སྒྲུབ་དཔུང་སྡེ་ཁག་གིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཕྱར་བ་གྲུ་འདེགས་དང་འགག་སྒྲོལ་དཀའ་སེལ་བྱས་ནས་བོད་སྡོད་དཔུང་སྡེས་ཕྱོགས་ཡོངས་ནས་རིན་ཡོད་ཞབས་ཞུ་མཚམས་འཇོག་བྱེད་པའི་དུས་མཚམས་རྗེས་མའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས། མུ་མཐུད་ལས་ཀའི་མཉམ་ཤུགས་ཆེན་པོ་རྒྱུན་འཁྱོངས་དང་ངར་ཤུགས་གཅིག་སྒྲིལ་བྱས་ནས་བོད་སྡོད་དཔུང་སྡེས་རིན་ཡོད་ཞབས་ཞུ་མཚམས་འཇོག་བྱེད་པའི་ལས་འགན་དུས་བཀག་ནང་ལེགས་སྒྲུབ་ཡག་པོ་ཡོང་བ་བྱེད་དགོས། འབྲེལ་ཡོད་སྲིད་ཇུས་སྔར་བས་ཞིབ་འཇུག་དང་གསལ་པོ་བཟོས་ནས་དུས་མཚམས་རྗེས་མའི་གཙོ་གནད་ལས་འགན་ལ་བྱ་ཐབས་ནུས་ལྡན་འགན་ལེན་བྱེད་དགོས། ཁྲིམས་ལྟར་བྱ་བ་སྒྲུབ་རྒྱུ་མཐའ་འཁྱོངས་ཀྱིས་ཁྲིམས་ལྟར་ལས་དོན་སྒྲུབ་པའི་རྩ་དོན་ལས་ཀའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས་བོད་སྡོད་དཔུང་སྡེས་རིན་ཡོད་ཞབས་ཞུ་ཕྱོགས་ཡོངས་ནས་མཚམས་འཇོག་བྱེད་པའི་ལས་ཀར་བཅའ་ཁྲིམས་ཀྱི་ཞབས་ཞུ་ནུས་ལྡན་མཁོ་འདོན་བྱས་ཏེ་ལས་ཀའི་གྲུབ་འབྲས་ལ་ལོ་རྒྱུས་ཀྱི་ཚོད་བགམ་ཐེག་པའི་འགན་ལེན་བྱེད་དགོས། ལས་འགན་གནད་ལ་འཁེལ་བ་དང་། འགན་འཁྲི་ནན་དུ་གཏོང་བ། དམག་དཔུང་དང་ས་གནས་གཉིས་ཀས་རང་འགན་གཙང་སྒྲུབ་བྱེད་པ། ཕྱར་བ་གྲུ་འདེགས་ལ་ཤུགས་སྣོན་རྒྱག་པ། ལམ་སྲོལ་འཐུས་ཚང་དུ་གཏོང་བ། འབྲེལ་མཐུད་ནུས་ལྡན་བྱེད་པ། རྣམ་པ་ཟབ་མོ་གཏོད་པ། ལྟ་སྐུལ་ཞིབ་བཤེར་ནན་པོ་བྱེད་པ་བཅས་བྱས་ནས་རིན་ཡོད་ཞབས་ཞུ་ཕྱོགས་ཡོངས་ནས་མཚམས་འཇོག་བྱེད་པའི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་དགོས། ཉེན་ཁའི་ཚོད་སྐོར་ཡག་པོ་བྱས་ཏེ་རིན་ཡོད་ཞབས་ཞུ་ཕྱོགས་ཡོངས་ནས་མཚམས་འཇོག་བྱེད་པའི་ལས་དོན་སྤྱི་ཚོགས་བརྟན་ལྷིང་གི་སྤྱི་ཡོངས་ཁྲོད་བཞག་ནས་འཆར་འགོད་བྱེད་པ་དང་། མང་ཚོགས་ཀྱི་བསམ་བློ་ཆབ་སྲིད་ལས་དོན་ལ་ཤུགས་སྣོན་རྒྱག་པ། བཅའ་ཁྲིམས་དང་། གནས་ལུགས། བརྩེ་བ་བཅས་ཟུང་འབྲེལ་བྱེད་པ། ལས་ཀའི་བྱེད་ལུགས་བྱེད་སྟངས་ལ་དང་དོད་བྱེད་པ། ཞིབ་ཚགས་པའི་འཕྲལ་སྡོམ་སྔོན་ཇུས་བཟོ་བ། འགལ་ཟླ་དང་རྩོད་གཞི་ཐག་གཅོད་འོས་མཚམས་བྱེད་པ་བཅས་བྱས་ནས་སྤྱི་ཚོགས་ཀྱི་དུས་བབ་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད། 

    མཇུག་ཏུ། ཀྲོང་ཡན་གྱིས《བོད་སྡོད་དཔུང་སྡེས་རིན་ཡོད་ཞབས་ཞུ་ཕྱོགས་ཡོངས་ནས་མཚམས་འཇོག་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》གྱིས་ཀྲུང་དབྱང་གི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་ཡག་པོ་བྱེད་པ་དང་། སྤྱོད་རྒྱུར་འཚམས་པ་དང་སྤྱོད་སྒོ་ཆོད་པོ་ཡོང་བའི་ཐད་ཤུགས་སྣོན་བརྒྱབ་ནས《ལག་བསྟར་བསམ་འཆར》དེ་ཉིད་བོད་སྡོད་དཔུང་སྡེས་རིན་ཡོད་ཞབས་ཞུ་མཚམས་འཇོག་བྱེད་པའི་ལས་ཀའི་ཕྱོགས་སྟོན་དང་རྩ་བའི་གཞི་འཛིན་སར་དངོས་འབྲེལ་འགྱུར་བ་བྱས་ནས་ཕན་འབྲས་དངོས་ཐོན་པའི་བླང་བྱ་བཏོན་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།