དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་མཐའ་མཚམས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་བསྐྲུན་པའི་ལས་དོན་བཀོད་འདོམས་པུའི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-06-19

    ཚེས་13ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་མཐའ་མཚམས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་བསྐྲུན་པའི་ལས་དོན་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་བསྐྲུན་པའི་ལས་དོན་བཀོད་འདོམས་པུའི་2018ལོའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ནས་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུ་དང་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ། འབྲེལ་ཡོད་གནས་ཚུལ་སྙན་སེང་གསན་པ། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་གནང་བ། གོམ་སྟབས་རྗེས་མའི་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བཅས་གནང་བ་རེད། ཁོང་གིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི་མཉམ་དུ་མཐའ་དར་མཐའ་སྲུང་བྱེད་པའི་གཞི་རྟེན་གལ་ཆེན་དང་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན་པས། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱ་རྒྱུ་རྩ་བའི་བྱེད་ཐབས་སུ་བྱེད་པ་དང་། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱེད་པའི་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་ལེན་བསྟར་རྒྱུ་གོ་སྐབས་སུ་བྱེད་པ།

    “དམག་དཔུང་འདུས་སྡོད་དང་དམངས་སེམས་བདེ་འགོད་ཀྱི་བྱེད་ཐབས་མཉམ་དུ་སྤྱོད་པ་དང་། མཐའ་དར་དང་མཐའ་བརྟན་གལ་ཆེ་མཉམ་དུ་འཛིན་རྒྱུ”མཐའ་འཁྱོངས་བྱེད་པ། དོན་འཁྱོལ་དམ་འཛིན་དང་འགག་སྒྲོལ་དཀའ་སེལ་བྱེད་པ། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་བསྐྲུན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མཐའ་མཚམས་གྲོང་ཚོ(གྲོང་ལྷན)མགྱོགས་མྱུར་འཕེལ་རྒྱས་དང་། མཐའ་མཚམས་བདེ་འཇགས། མཐའ་མཚམས་མི་དམངས་བདེ་སྐྱིད་བཅས་ཡོང་བའི་འགན་ལེན་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

    ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་བསྐྲུན་འགོ་ཚུགས་ཚུན། གྲོང་ཁྱེར་དང་ས་ཁུལ་ཁག་དང་སྡེ་ཚན་ཁག་གི་ཐུན་མོང་འབད་བརྩོན་འོག མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་རྩེ་རིམ་ཇུས་འགོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་སོང་བ་དང་། སྟོབས་ཤུགས་གཅིག་སྒྲིལ་གྱིས་ལས་ཀར་སྐུལ་འདེད་གཏོང་བའི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་སོང་བ། རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་སོང་བ། སྤྱི་པའི་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་བ། ཐོན་ལས་འཕེལ་རྒྱས་དང་སྐྱེད་སྲིང་བྱ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བྱུང་བ། མཐའ་མཚམས་མི་དམངས་ཀྱི་ཡོང་འབབ་རྒྱུན་ཆད་མེད་པར་མང་དུ་སོང་བ་བཅས་བྱུང་ནས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་བསྐྲུན་རྒྱུའི་ལས་ཀའི་འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱུང་ཡོད་ཅེས་གསུངས་པ་རེད།

    ཀྲོང་ཡན་གྱིས་གྲོང་ཁྱེར་དང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་ལས་འགན་དང་འགན་འཁྲི་ལས་བགོས་ཁ་གསལ་བཟོས་ནས་དམིགས་ཚད་དང་ལས་འགན་བདེ་བླག་ངང་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། གོང་རིམ་ལ་སྙན་སེང་ཞུ་བའི་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་དང་ལྷག་དོན་དུ་འབྱོར་འབྲིང་གྲོང་ཚོ་བསྐྲུན་རྒྱུར་ཆེད་དོན་རྒྱབ་སྐྱོར་སྔར་བས་མང་བ་ཐོབ་པ་བྱེད་དགོས་པ། མ་དངུལ་བསྡུ་སྒྲིལ་བྱེད་ཤུགས་མགྱོགས་སུ་བཏང་ནས་མ་དངུལ་དུས་ཐོག་ཏུ་བསྡུ་སྒྲིལ་དང་གཏོང་སྤྲོད་ཐུབ་པ་བྱེད་དགོས་པ། ས་གནས་སྲིད་གཞུང་གི་བུན་འགན་ཉེན་ཁར་དོགས་ཟོན་ནུས་ལྡན་བྱས་ནས་སྒྲིག་འགལ་ངང་བུ་ལོན་གཡར་ཏེ་རྣམ་གྲངས་བསྐྲུན་རྒྱུར་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པ། གློག་རྡུལ་ཡིག་ཚགས་ཕབ་འཇུག་གི་ལས་དོན་མགྱོགས་མྱུར་ལེགས་སྒྲུབ་བྱེད་པ་དང་། ས་གནས་ས་ཐོག་གི་སྐུལ་འདེད་ཚོགས་འདུ་གྲ་སྒྲིག་ཡག་པོ་བྱེད་པ། ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ། དྲིལ་བསྒྲགས་ལས་དོན་ཤུགས་ཆེན་སྤེལ་བ་བཅས་བྱས་ཏེ་རྒྱ་ཆེའི་མཐའ་མཚམས་མི་དམངས་ཀྱིས་རྒྱལ་གཅེས་མཐའ་སྲུང་གི་ཕུལ་བྱུང་སྲོལ་རྒྱུན་མུ་མཐུད་དར་སྤེལ་བཏང་ནས་སྐལ་བཟང་མེ་ཏོག་བཞད་པ་ཇི་བཞིན་གངས་ལྗོངས་ས་མཐོར་རྩ་བ་བརྟན་པོ་ཚུགས་དགོས་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།