དབུ་ཤོག>སྲིད་དོན།
  • ཅང་ཅེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-06-14

    ཚེས་11ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་ཏེ་རང་ལྗོངས་ཀྱི་གྲོང་གསེབ་ཀྱི་འགྲུལ་སྐྱེལ་འཕེལ་རྒྱས་མགྱོགས་པོ་གཏོང་རྒྱུའི་སྐོར་གྱི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་ཚོགས་འདུར་ཕེབས་པ་དང་སྦྲགས་གྲོང་གསེབ་ཀྱི་འགྲུལ་སྐྱེལ་འཕེལ་རྒྱས་མགྱོགས་པོ་གཏོང་རྒྱུའི་སྐོར་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་ཐུབ་པ་བྱས་ཏེ་གྲོང་གསེབ་ཀྱི་འགྲུལ་སྐྱེལ་ཤར་གཏོང་ཐུབ་ཚད་དང་ཞབས་ཞུའི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་ཞིང་འབྲོག་མང་ཚོགས་ཀྱི་འགྲོ་སྐྱོད་དགོས་མཁོ་གང་ལེགས་སྐོང་དགོས་ཞེས་ནན་བཤད་ཀྱང་གནང་བ་རེད།

    ཅང་ཅེས་མཛུབ་སྟོན་གནང་དོན། རིམ་ཁག་སྲིད་གཞུང་གིས་བྱེད་པོའི་འགན་འཁྲི་གསལ་པོ་བཟོས་ནས་སྤྱི་ཕན་རང་བཞིན་གྱི་ཞབས་ཞུར་འགན་ལེན་བྱེད་པའི་གཙོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། རིམ་ཁག་འབྲེལ་ཡོད་སྡེ་ཚན་གྱིས་གྲོང་གསེབ་འགྲུལ་སྐྱེལ་གྱི་སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་དང་དམངས་འཚོའི་འདུ་འགོད་ཀྱི་ངོ་བོར་གཞི་ཚུགས་ཏེ་མ་དངུལ་དང་། འཆར་འགོད། ས་ཆ་བེད་སྤྱོད་སོགས་ལ་འགན་ལེན་བྱས་ནས་གྲོང་གསེབ་ཀྱི་འགྲུལ་སྐྱེལ་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱེད་དགོས་པ། རིམ་ཁག་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས“འགྲོ་སྐྱོད་བྱེད་སྐབས་རླངས་འཁོར་སྡོད་ཐུབ་པའི”མང་ཚོགས་ཀྱི་གཞི་རྩའི་དགོས་མཁོ་བསྐང་རྒྱུར་གཞི་ཚུགས་ཏེ་གྲོང་གསེབ་འགྲུལ་སྐྱེལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། བདག་སྐྱོང་། དོ་དམ། བེད་སྤྱོད་བཅས་ཀྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཞིང་འབྲོག་པ་བདེ་འཇགས་དང་སྟབས་བདེའི་ངང་འགྲོ་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས་པ། སྲིད་ཇུས་ཐོག་ནས་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་མཐའ་མཚམས་ས་ཁུལ་གྱི་གྲོང་གསེབ་ཀྱི་འགྲུལ་སྐྱེལ་འཕེལ་རྒྱས་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་སྐབས་ས་ཁུལ་གང་རུང་ཞིག་འགྲིམ་འགྲུལ་གྱི་རྐྱེན་པས་རྗེས་སུ་ལུས་པའི་སྣང་ཚུལ་གཏན་ནས་མི་ཐོན་པ་བྱེད་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།