དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་ཀྱིས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དང་དག་ཐེར་ལས་ཀའི་སྐུལ་སློང་བཀོད་སྒྲིག་གི་བརྙན་ལམ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-06-02

    ཟླ་5ཚེས་31ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དང་དག་ཐེར་ལས་དོན་གྱི་སྐུལ་སློང་དང་བཀོད་སྒྲིག་གི་བརྙན་ལམ་ཚོགས་འདུ་འཚོགས་ནས་ལྗོངས་ཡོངས་ཀྱིས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དག་ཐེར་ལས་དོན་ཐད་ཕྱོགས་ཡོངས་ནས་སྐུལ་སློང་བཀོད་སྒྲིག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དག་ཐེར་ལས་དོན་གྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་བཅས་བྱས་ཏེ་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་བསམ་བློ་སྔར་བས་གཅིག་གྱུར་དང་འགན་འཁྲི་གསལ་བཟོ་བྱས་ཏེ་དུས་ཐོག་ཏུ་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་གནད་དོན་གྱི་དག་ཐེར་ལས་འགན་སྤུས་འབོར་ཚང་བའི་སྒོ་ནས་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཀྲོང་ཡན་གྱིས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་གནད་དོན་དག་ཐེར་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི་མིག་སྔའི་རང་ལྗོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་རེད། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་གནད་དོན་དག་ཐེར་གྱི་ལས་དོན་དོན་འཁྱོལ་མཐའ་གཅིག་ཏུ་བྱ་རྒྱུ་དེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱེད་པའི་ཆབ་སྲིད་ཀྱི་མཚོན་ཚུལ་གལ་ཆེན་ཞིག་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་པའི་འཐབ་ཇུས་དང་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྐྲུན་པ་དང་སྣོད་བཅུད་ཤེས་དཔལ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་གཏོང་བའི་འགག་རྩའི་བྱ་ཐབས་ཤིག དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་སྣོད་བཅུད་ཁོར་ཡུག་གི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་སྐོང་བ་བཅས་རེད། ལྗོངས་ཡོངས་ཀྱི་རིམ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དག་ཐེར་བྱེད་པའི་གལ་ཆེའི་དོན་སྙིང་ངོས་འཛིན་གང་ལེགས་བྱས་ཏེ་བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོར་གཏོང་བྱས་ཐོག་དགོས་གཏུགས་ཀྱི་བསམ་པ་དང་། འགན་འཁྲི་ཁུར་སེམས། ལས་འགན་སྒྲུབ་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་ཕྱོགས་ཁག་གི་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དག་ཐེར་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་གཅིག་སྡུད་ཏན་ཏིག་བྱེད་དགོས་ཞེས་བསྟན་གནང་བ་རེད།

    ཀྲོང་ཡན་གྱིས་རིམ་ཁག་སྡེ་ཚན་ཁག་གིས་ནན་པོ་དང་། དྲང་བདེན། མགྱོགས་མྱུར་བཅས་ཀྱིས་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་གནད་དོན་གྱི་དག་ཐེར་ལས་དོན་མཐའ་གཅིག་ཏུ་ལེགས་སྒྲུབ་བྱེད་དགོས་པ་སྟེ། གཅིག་ནས་ལས་དོན་མགྱོགས་མྱུར་སྤེལ་ནས་ཕན་འབྲས་མྱུར་དུ་ཐོན་པ་བྱས་ཏེ་ཕྱོགས་ཡོངས་ནས་སྤེལ་འགོ་འཛུགས་པ་དང་། རིམ་པ་ཡོངས་ནས་སྒྲུབ་སྐུལ། བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བཅས་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་དག་ཐེར་དོན་འཁྱོལ་ལས་དོན་ལ་དམ་འཛིན་བྱས་ནས་བྱ་བ་ཚང་མ་དོན་འཁྱོལ་ཐུབ་པ་དང་གནད་དོན་ཚང་མར་ལན་འདེབས་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། གཉིས་ནས་དུས་ཚོད་ལྟར་སྒྲུབ་པ་དང་དུས་བཀག་ལྟར་ཐོ་བསུབ་སྟེ“འགོ་ཁྲིད་གཙོ་བོའི་འགན་འཁུར་ལམ་ལུགས”དང་། “དུས་བཀག་ལྟར་ལས་མཇུག་བསྡུ་བའི་ལམ་ལུགས” “ལས་མཇུག་བསྡུས་ནས་ཐོ་བསུབ་པའི་ལམ་ལུགས”བཅས་དོན་འཁྱོལ་ནན་ཏན་བྱས་ནས་དག་ཐེར་གཅིག་བྱེད་པ་དང་། ཞིབ་བསྡུར་གཅིག་བྱེད་པ། ཐོ་གཅིག་བསུབ་པ་བཅས་བྱེད་དགོས། གསུམ་ནས་གཙོ་གནད་འབུར་དུ་ཐོན་པ་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱས་ནས་བྱེ་བྲག་གནད་དོན་གྱི“དོན་དག་གཅིག་ལ་བྱེད་ཐབས་གཅིག”དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་པ་དང་། ཐུན་མོང་གི་གནད་དོན་གྱི“ཇུས་གཞི་ཆ་ཚང་གཅིག་དམ་འཛིན་མཐར་ཕྱིན་པ་བྱེད་རྒྱུ”དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། བཞི་ནས་མིག་སྔར་དམིགས་པ་དང་ཕུགས་ལ་མཐོང་ཆེན་གྱིས་མངོན་གསལ་དོད་པའི་གནད་དོན་ཁག་གཅིག་ཐག་གཅོད་ཧུར་ཐག་བྱས་ཏེ་ཕུགས་ཕན་ལམ་སྲོལ་ཁག་གཅིག་འཛུགས་རྒྱུར་སྐུལ་འདེད་བཏང་ནས་བོད་ཀྱི་སྔོ་ཞིང་དྭངས་བའི་རི་ཆུ་དང་ས་གཙང་སྲུང་སྐྱོང་ཡག་པོ་བྱས་ཏེ་དུས་རབས་གསར་པའི་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་རྩོམ་རྒྱུར་འབད་བརྩོན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།