དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་གྲོལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-05-31

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་གྲོས་རིམ་ཁག་ལེགས་གྲུབ་བྱུང་ནས་ཟླ་5ཚེས་29ཉིན་གྱི་སྔ་དྲོ་གྲོལ་བ་རེད། 

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་གཙོ་སྐྱོང་གནང་བ་རེད། 

    ཚོགས་འདུའི་ཐོག་འཐུས་མིར་འགྱུར་ལྡོག་བྱུང་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས་མ་ཟིན་ལ་གྲོས་འཆམ་བྱུང་བ་དང་། མི་དོན་བསྐོ་འཐེན་གྱི་དོན་ཚན་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་མ་ཟད། ད་དུང་གོ་གནས་བསྐོ་གཞག་ཡི་གེའང་སྤྲད་པ་རེད། 

    ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་ལ་ད་རེས་ཀྱི་ཚོགས་འདུའི་ཐོག་བཏོན་པའི་བཟོ་བཅོས་ཀྱི་བསམ་འཆར་དང་གྲོས་འགོ་གཞིར་བཟུང་། འབྲེལ་ཡོད་སྡེ་ཚན་གྱིས་ཞིབ་འཇུག་བྱས་པར་གྲོས་མོལ་གྱིས《བོད་རང་སྐྱོང་ལྗོངས་ཀྱི་ཁྲིམས་འཛིན་ཆོད་སྡོམ་དོ་དམ་སྲོལ་ཡིག(འཆར་ཟིན་གྱི་གྲོས་ཞིབ་གཉིས་པའི་མ་ཟིན)》ལ་སྔར་བས་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་ནས་སླད་ཕྱིན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་གྲོས་ཞིབ་བྱ་རྒྱུར་ཁྲིམས་ལྟར་འབུལ་དགོས་པའི་བླང་བྱ་བཏོན་པ་རེད། 

    ཚོགས་འདུའི་ཐོག་འབྲེལ་ཡོད་སྡེ་ཚན་ཁག་ལ་ན་སོ་དར་ལ་མ་བབས་པའི་མིས་ཉེས་པ་མ་གསོག་སྔོན་འགོག་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ལྷག་པའི་མངོན་གསལ་དོད་པའི་གནད་དོན་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པ། འགན་འཁྲིའི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ། འགོ་ཁྲིད་ཀྱི་ལམ་སྲོལ་དང་སློབ་གསོའི་ལྟ་སྐུལ་དོ་དམ་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ན་སོ་དར་ལ་མ་བབས་པའི་མིའི་འཚར་ལོངས་ཁོར་ཡུག་ལེགས་སུ་གཏོང་བ། ན་སོ་དར་ལ་མ་བབས་པའི་མིའི་ལུས་སེམས་བདེ་ཐང་ཡོང་བའི་འགན་ལེན་ནུས་ལྡན་བྱེད་པ་བཅས་བྱས་ཏེ་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་རང་ལྗོངས་སུ་ཕྱོགས་ཡོངས་ནས་ལག་བསྟར་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད། 

    ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོཌ་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནང་སྲིད་ཁྲིམས་འཛིན་ལས་དོན་ཨུ་ཡོན་ལྷན་ཁང་ལ་ད་རེས་ཀྱི་ཚོགས་འདུའི་གྲོས་ཞིབ་བྱ་ཚུལ་གཞིར་བཟུང་། ན་སོ་དར་ལ་མ་བབས་པའི་མིའི་ཉེས་སྤྱོད་སྔོན་འགོག་བཅའ་ཁྲིམས་དང་ལག་བསྟར་བྱ་ཐབས་ཁྲིམས་འཛིན་ཞིབ་བཤེར་སྙན་ཞུའི་སྐོར་གྱི་གྲོས་ཞིབ་བསམ་འཆར་ཆགས་པར་བྱེད་དགོས། ཀྲུའུ་རེན་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་རྗེས་གཞུང་ལས་ཐིང་གི་མིང་ཐོག་ནས་འཕྲལ་དུ་འབྲེལ་ཡོད་སྡེ་ཚན་ལ་བསྒྲུབ་རྒྱུར་སྤྲོད་དགོས་པ་མ་ཟད། ད་དུང་འབྲེལ་ཡོད་སྡེ་ཚན་ལ་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གཉེར་སྒྲུབ་གནས་ཚུལ་སྙན་སེང་ཞུ་རྒྱུའི་སྐུལ་འདེད་ཀྱང་གཏོང་དགོས་ཞེས་བླང་བྱ་བཏོན་པ་རེད། 

    ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་དཔལ་ཨུ་ཡོན་ལྷན་ཁང་ལ《བོད་རང་སྐྱོང་ལྗོངས་ཀྱི་དམངས་སྤྱོད་གནམ་ཐང་སྲུང་སྐྱོང་སྲོལ་ཡིག》གི་ཁྲིམས་འཛིན་ཞིབ་བཤེར་གྲོས་ཞིབ་བསམ་འཆར་གྱི་རྗེས་སྙེགས་དང་བསྒྲུབ་རྒྱུར་ལྟ་སྐུལ་གྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ཏེ། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་ལྷག་པའི་གནད་དོན་གཙོ་བོ་དང་དཀའ་གནད་ཐག་གཅོད་ནུས་ལྡན་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བླང་བྱ་བཏོན་པ་རེད། 

    བློ་བཟང་རྒྱལ་མཚན་གྱིས་གསུང་བཤད་གནང་སྐབས། བསམ་བློའི་ངོས་འཛིན་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། དུས་རབས་གསར་པས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་བཏོན་པའི་བླང་བྱ་གསར་པ་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ། ཁྲིམས་གཏན་འཁེལ་བའི་འགན་འཁྲི་ལག་བསྟར་ཡག་པོ་བྱེད་པ། ལྷག་པར་དུ་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས་བཀྲམ་པའི《རྒྱ་ཆེའི་ལས་བྱེད་པར་དུས་རབས་གསར་པར་འགན་འཁྲི་གསར་པ་དང་བྱ་སྤྱོད་གསར་པ་ཡོང་བ་བྱ་རྒྱུའི་བསྔགས་སྐུལ་སྔར་ལས་ལྷག་པ་བྱེད་དགོས་པའི་སྐོར་གྱི་བསམ་འཆར》གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། དོན་དངོས་དང་ཟུང་འབྲེལ་གྱིས་བསྔགས་སྐུལ་ལམ་སྲོལ་དང་ནོར་འཁྲུལ་གུ་ཡངས་དང་ཡོ་བསྲང་ལམ་སྲོལ་འཛུགས་པ། རྒྱ་ཆེའི་ལས་བྱེད་པའི་ལས་ཀའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐོང་འཐེན་གང་ལེགས་བྱེད་པ་བཅས་བྱས་ཏེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣ་དང་མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པའི་འགན་འཁྲི་གསར་པ་དང་བྱ་སྤྱོད་གསར་པ་རྒྱུན་ཆད་མེད་པར་མངོན་དགོས། རང་འགུལ་ངང་ཚད་གཞི་དང་རེའུ་མིག་ལ་བསྡུར་བ་དང་། ལས་ཡུན་ལྡོག་སྒྲིག་བྱེད་པ། འགན་འཁྲི་ཞིབ་ཚགས་སུ་གཏོང་བ་དང་། གཙོ་གནད་ལ་དམ་འཛིན་དང་དཀའ་གནད་སེལ་བ། བརྟག་ཞིབ་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། གནད་ལ་སྨིན་ཐབས་དང་གཞན་སྒྱུར་ཡག་པོ་བྱེད་པ། མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ལས་ཀའི་ཕན་འབྲས་དངོས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་ལོ་འཁོར་མོའི་ལས་འགན་ཁག་སྤུས་ཚད་མཐོ་པོའི་སྒོ་ནས་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།