དབུ་ཤོག>སྲིད་དོན།
  • ཅང་ཅེས་ལྗོངས་ཡོངས་ཀྱི་གསང་སྤྱོད་གསར་བརྗེའི་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-05-28

    ཚེས་24ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་གསང་སྤྱོད་གསར་བརྗེའི་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་ནས་འབྲེལ་ཡོད་ཚན་པའི་གསང་སྤྱོད་གསར་བརྗེའི་ལས་དོན་ལ་སྐུལ་འདེད་གནས་ཚུལ་སྐོར་གྱི་སྙན་སེང་གསན་པ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད།

    ཅང་ཅེས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅིས་བཏོན་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ཏེ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ཏང་ལ་མཐའ་གཅིག་ཏུ་ལྷག་བསམ་རྣམ་དག་བྱེད་པ་དང་། འགན་འཁྲི་འཁུར་ཕོད་པ། སྤྱོད་གཙང་དངོས་སྒྲུབ་བཅས་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས། གསང་སྤྱོད་གསར་བརྗེའི་ཁྲོད་ཀྱི་དཀའ་གནད་དང་འགག་རྩའི་གནད་དོན་ཐག་གཅོད་མངོན་གསལ་དོད་པོ་བྱས་ཏེ་ཚད་གཞི་མཐོ་བ་དང་སྤུས་ཚད་ལེགས་པའི་སྒོ་ནས་འཆར་འགོད་དང་། ཇུས་བཀོད། ཨར་རྒྱག་བཅས་ཡག་པོ་བྱས་ཏེ་སྤུས་འབོར་འགན་ལེན་སྒོས་དམངས་འཚོ་དང་དམངས་སེམས་ཀྱི་འདུ་འགོད་ཡིན་པའི་གསང་སྤྱོད་གསར་བརྗེའི་ལས་དོན་ཡག་པོ་སྒྲུབ་དགོས། འབྲེལ་གཏུག་མཐུན་སྦྱོར་དང་རང་འགུལ་འབྲེལ་མཐུད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གསང་སྤྱོད་རྣམ་གྲངས་ཀྱི་ས་ཆ་འདེམས་རྒྱུ་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས། ནང་སའི་ཞིང་ཆེན་གྱི་སྔོན་ཐོན་དཔེ་སྟོན་དཔྱད་གཞིར་འཛིན་ཏེ་རིགས་ཁག་གི་མ་དངུལ་སྤྱི་འདོམས་ཡག་པོ་བྱེད་པ་དང་། རིགས་དབྱེའི་མཛུབ་ཁྲིད་མཐའ་འཁྱོངས་བྱེད་པ། འཁོར་རྒྱུག་ལམ་སྲོལ་འཐུས་ཚང་འཛུགས་པ་བཅས་བྱེད་པ་དང་འབྲེལ། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་སོགས་ཀྱི་ལས་གྲྭ་འཛུགས་སྐྲུན་དང་ཟུང་འབྲེལ་བྱས་ནས། ཞིང་འབྲོག་ཁུལ་གྱི་ཆུ་མེད་གསང་སྤྱོད་སྒྱུར་བཀོད་ལས་དོན་ལ་རིམ་བཞིན་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།