དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་གཙོ་གནད་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་གནས་ཚུལ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-05-25

    ཚེས་22ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ཕུ་མདོ་ཆུ་བེད་ལྟེ་བའི་ལས་གྲྭ་སོགས་ཨར་རྒྱག་བྱ་ཡུལ་དུ་ཕེབས་ནས་གཙོ་གནད་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་འབྲེལ་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ། ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་ཀྱི་ཚབ་ཞུས་ཏེ་འཐབ་ཕྱོགས་དང་པོའི་ལས་དོན་མི་སྣར་གཟིགས་པ་དང་འཚམས་འདྲི་གནང་བ་རེད། ཀྲོང་ཡན་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཀྱི་མ་འཇོག་དང་སྤྱི་ཚོགས་ཀྱི་མ་འཇོག་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་མ་འཇོག་གིས་དཔལ་འབྱོར་འཕར་བར་སྐུལ་ཁྲིད་བྱེད་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་བྱེད་ཤུགས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་སྟེ་ཡིད་ཆེས་བརྟན་པོ་དང་ངར་ཤུགས་འཕེལ་བར་བྱེད་པ་དང་། དམིགས་ཚད་ལ་དམ་པོར་དམིགས་པ་དང་འཆར་འགོད་ལྟར་ལས་འགན་བསྒྲུབས་ཏེ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྤུས་ཚད་མཐོ་པོའི་སྒོ་ནས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཕུ་མདོ་ཆུ་བེད་ལྟེ་བའི་ལས་གྲྭ་ནི་ལྷ་ས་སྐྱིད་ཆུ་འབབ་རྒྱུད་ཀྱི་ཚོད་འཛིན་རང་བཞིན་གྱི་རྐང་འཛིན་ལས་གྲྭ་ཞིག་ཡིན། ཀྲོང་ཡན་གྱིས་བོད་ཀྱི་ཆུ་བེད་གཞི་ཁྱོན་ཆེ་ཤོས་དང་ཕྱོགས་བསྡུས་ཕན་འབྲས་མངོན་གསལ་དོད་ཤོས་ཀྱི་ཆུ་བེད་ལྟེ་བའི་ལས་གྲྭ་ཞིག་ཡིན་པའི་ངོས་ནས་འབྲེལ་ཡོད་ཐད་ཀྱིས་ལས་གྲྭ་དོ་དམ་སྔར་བས་ནན་པོ་བྱས་ཏེ་ལས་གྲྭའི་སྤུས་ཚད་དང་། ཨར་རྒྱག་མྱུར་ཚད། འཛུགས་སྐྲུན་མ་དངུལ། བདེ་འཇགས་ཐོན་སྐྱེད། ཁོར་ཡུག་སྲུང་སྐྱོང་བཅས་ལ་དོ་དམ་ཚོད་འཛིན་ནན་པོ་ཡོང་བའི་འགན་ལེན་བྱས་ཐོག་ལས་གྲྭ་བདེ་བླག་ངང་སྐྲུན་ཟིན་པ་དང་ཕན་འབྲས་འདོན་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་འདིང་དགོས། ཚན་རིག་དང་མཐུན་ལ་ཚད་དང་ལྡན་པའི་སྒོ་ནས་གཉེར་སྐྱོང་བྱས་ཏེ་གཙོ་གནད་རྣམ་གྲངས་དང་དམངས་འཚོའི་རྣམ་གྲངས་ཀྱི་འབྲེལ་བ་ཐག་གཅོད་གང་ལེགས་བྱས་ནས་རྣམ་གྲངས་ཀྱི་ཕྱོགས་བསྡུས་ཕན་འབྲས་འདོན་སྤེལ་གང་ལེགས་བྱས་ཏེ་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱེད་དགོས་ཞེས་བསྟན་གནང་བ་རེད།

    ལྷ་ས་གྲོང་ཁྱེར་གྲོང་ནུབ་དམའ་རིམ་སློབ་འབྲིང་འཛུགས་སྐྲུན་རྣམ་གྲངས་ནི་ལྷ་སས་ལག་བསྟར་བྱས་པའི་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ཡིན། ཀྲོང་ཡན་གྱིས་འབྲེལ་ཡོད་སྡེ་ཚན་ཁག་གིས་དེང་སྐབས་ལ་གཞི་ཚུགས་པ་དང་ཕུགས་ལ་དམིགས་ནས་ཚན་རིག་དང་མཐུན་པའི་འཆར་འགོད་དང་ལུགས་མཐུན་བཀོད་སྒྲིག་བྱས་ཏེ་སྤུས་ཚད་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་ཨར་རྒྱག་མྱུར་ཚད་མགྱོགས་སུ་བཏང་སྟེ་ཨར་རྒྱག་བདེ་འཇགས་ཡོང་བའི་འགན་ལེན་བྱེད་པ་དང་ཁོར་ཡུག་སྲུང་སྐྱོང་གི་བླང་བྱ་ཁག་དོན་འཁྱོལ་བྱས་ནས་འགོ་འཛུགས་ས་མཐོ་བ་དང་། ཚད་གཞི་མཐོ་བ། སྤུས་ཚད་མཐོ་བ་བཅས་ཀྱི་ཐོག་ནས་འཛུགས་སྐྲུན་བྱས་ཐོག་རང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་མགྱོགས་པོ་འགྲོ་ཆེད་ལེགས་སྐྱེས་འབུལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་མ་བུའི་སྨན་ཁང་གསར་སྐྲུན་ལས་གྲྭ་ནི་ལྗོངས་ནང་ཁུལ་གྱི་མཉམ་འདུས་རྣམ་པའི་ཐོག་ནས་གསར་སྐྲུན་བྱས་པའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་དང་པོ་དེ་ཡིན་ཞིང་། ཨར་རྒྱག་བྱ་ཡུལ་དུ་ཀྲོང་ཡན་གྱིས་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་གནས་ཚུལ་མཁྱེན་རྟོགས་གཏིང་ཟབ་གནང་བ་དང་ཁོང་གིས་བུད་མེད་དང་བྱིས་པའི་སྨན་ཁང་གི་འཛུགས་སྐྲུན་རྣམ་གྲངས་ནི་བདེ་ཐང་བོད་ལྗོངས་མགྱོགས་པོ་བསྐྲུན་པའི་ཞིབ་ཕྲའི་བྱེད་ཐབས་ཤིག་ཡིན་པས་འབྲེལ་ཡོད་ཚན་པ་དང་སྡེ་ཚན་གྱིས་འཆར་འགོད་སྒྲིག་འཛུགས་ལ་ནན་པོར་གཞིགས་ཏེ་སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་བའི་ཨར་སྐྲུན་འགན་ལེན་བྱེད་དགོས། མཉེན་ཆས་དང་མཁྲེགས་ཆས་སྒྲིག་བཀོད་སྔོན་ཚུད་ནས་ཇུས་འགོད་བྱས་ཏེ་སྨན་དོན་མི་སྣ་གསོ་སྐྱོང་བྱེད་འགོ་འཛུགས་པ་དང་རྨང་གཞིའི་སྨན་བཅོས་འཕྲོད་བསྟེན་ལས་དོན་ཁྲོད་གནས་པའི་ཞན་ཆ་གསབ་ནས་མི་རིགས་ཁག་གི་མང་ཚོགས་ལ་དེ་བས་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་གང་མགྱོགས་ལོངས་སྤྱོད་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཁྱོན་མ་དངུལ་སྒོར་དུང་ཕྱུར་6.6བཏང་བའི་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་བསྐྱར་སྐྲུན་དང་རྒྱས་སྐྲུན་རྣམ་གྲངས་ནི་ལྗོངས་ཡོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་སྤྱི་པའི་རིག་གནས་དམངས་ཕན་ལས་གྲྭ་གལ་ཆེན་ཞིག་ཡིན་ཞིང་། ཀྲོང་ཡན་ལས་ཡུལ་དུ་ཕེབས་ནས་འཆར་འགོད་འགྲེམས་པང་དང་འཛུགས་སྐྲུན་དཔེ་དབྱིབས་ལ་ནན་ཏན་ངང་གཟིགས་པ་དང་། རྣམ་གྲངས་ཇུས་འགོད་དང་འཛུགས་སྐྲུན་གྱི་མྱུར་ཚད་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་ཨར་སྐྲུན་སྒྲིག་འཛུགས་བྱེད་པ་དང་བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་བྱས་ཏེ་སྤུས་ཚད་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་མྱུར་ཚད་འགན་ལེན་བྱས་ནས། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་བསྐྱར་སྐྲུན་དང་རྒྱས་སྐྲུན་རྣམ་གྲངས་དེ་ལོ་རྒྱུས་དང་ལག་ལེན་གྱི་ཚོད་བགམ་ཐེག་ཐུབ་པའི་སྤུས་རྟགས་ལས་གྲྭར་སྐྲུན་པའི་བླང་བྱ་བཏོན་གནང་བ་རེད།

    བརྟག་ཞིབ་གནང་རིང་། ཀྲོང་ཡན་གྱིས་མ་འཇོག་དང་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུ་དེ་དཔལ་འབྱོར་བརྟན་པོའི་ངང་འཕར་བའི་འགག་རྩའི་བྱེད་ཐབས་ཤིག་ཡིན། རིམ་ཁག་སྡེ་ཚན་ཁག་གིས་བསམ་བློ་དང་བྱ་སྤྱོད་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ཏེ“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱ་རྒྱུ་དེ་རྩ་བའི་བྱེད་ཐབས་སུ་བྱས་ནས་ནུས་ལྡན་གྱི་ཨར་སྐྲུན་དུས་ཚོད་དམ་འཛིན་བྱེད་པ་དང་མ་དངུལ་གཏོང་ཤུགས་དང་། དངོས་འབོར། ལས་འབོར་བཅས་གསུམ་གྱི་ཆུ་ཚད་མཐོ་རུ་བཏང་ནས། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།