དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་བཟའ་བཅའ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-05-24

    ཚེས་18ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་བཟའ་བཅའ་བདེ་འཇགས་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་འཚོགས་ཤིང་། ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའ་བདེ་འཇགས་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷའི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནན་ཏན་ངང་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་བྱ་རྒྱུ་རྩ་བའི་བྱ་ཐབས་སུ་བརྩིས་ཏེ་2017ལོའི་ལས་དོན་ཕྱོགས་སྡོམ་དང་2018ལོའི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ། དག་ཐེར་བྱེད་ཐབས་དོན་འཁྱོལ་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    འབྲེལ་ཡོད་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་སེང་གསན་རྗེས་ཀྲོང་ཡན་གྱིས་བཟའ་བཅའི་བདེ་འཇགས་དེ་མི་དམངས་མང་ཚོགས་ཀྱི་ལུས་སེམས་བདེ་ཐང་དང་ཚེ་སྲོག་བདེ་འཇགས་དང་། རང་ལྗོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད།མི་དམངས་སེམས་ནང་གི་ཏང་དང་སྲིད་གཞུང་གི་གཟུགས་བརྙན་བཅས་དང་འབྲེལ་བ་ཡོད། དུས་རབས་གསར་པར་སླེབས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དུས་མཚམས་སུ་སླེབས་རྗེས་འགལ་ཟླ་གཙོ་བོ་གསར་པས་བཟའ་བཅའི་བདེ་འཇགས་ལ་བླང་བྱ་གསར་པ་བཏོན་ཡོད་ཅིང་། དང་ཐོག་བཟའ་བཅའི་བདེ་འཇགས་ཐད་ཀྱི་མི་དམངས་མང་ཚོགས་ཀྱི་རྩ་བའི་དགོས་མཁོ་སྐོང་རྒྱུ་དེ་རེད་ཅེས་བསྟན་གནང་བ་རེད།

    ཀྲོང་ཡན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའ་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་བརྡ་ཁྱབ་བཏང་བའི་དཔྱད་ཞིབ་གྲུབ་འབྲས་ནང་རང་ལྗོངས་ཀྱི་ཧེ་བག་དང་། གནད་དོན། ཞན་ཆ་བཅས་བསྟན་ཡོད། འགན་འཁུར་སྡེ་ཚན་ཁག་གིས་བཟའ་བཅའི་བདེ་འཇགས་ནི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པའི་ཐད་ཀའི་མཚོན་ཚུལ་ཡིན་པ་ཤེས་རྟོགས་གཏིང་ཟབ་ཐུབ་པ་དང“བཟའ་བཅའི་བདེ་འཇགས་འཐབ་ཇུས་ལག་བསྟར”བྱེད་པ་ནི“མི་དམངས་ལ་བློ་བདེའི་ངང་བཟའ་རྒྱུ་ཡོང་བར་བྱེད་པའི”དགོས་མཁོ་ལྡོག་མེད་ཅིག་རེད་ཅེས་པར་གོ་བ་གཏིང་ཟབ་ལེན་ཐུབ་པར་བྱེད་པ་དང་། “བཟའ་བཅའི་བདེ་འཇགས་ནི་ཐོན་སྐྱེད་ལས་བྱུང་བ་དང་དོ་དམ་ལས་བྱུང་བ་ཞིག་ཡིན་པའི”བླང་བྱ་གལ་ཆེན་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་གྱི་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་ཆུང་དུ་མི་འགྲོ་བ་བྱེད་པ། བསམ་བློ་གཅིག་གྱུར་དང་ངོས་འཛིན་གཅིག་མཐུན་ཡོང་བ་བྱེད་པ། བསམ་བློ་དང་བྱ་སྤྱོད་བཟའ་བཅའི་བདེ་འཇགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་བཅས་ཀྱི་ཐོག་གཅིག་གྱུར་ཡོང་བ། བཟའ་བཅའི་བདེ་འཇགས་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་གཏོང་བ། དགོངས་དོན་གསར་པར་གོ་བ་གཏིང་ཟབ་དང་བླང་བྱ་གསར་པ་ཁོང་དུ་བརྟན་པོ་ཆུད་པ། རྣམ་པ་གསར་པ་མཚོན་པ་དང་བྱ་སྤྱོད་གསར་པ་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ནས“ལྕེ་རྩེའི”བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་དང་སྨན་རྫས་བཟའ་བཅའ་ལྟ་སྐུལ་ཅུས་གཉིས་དང《2018ལོའི་བཟའ་བཅའ་བདེ་འཇགས་སྐོར་གྱི་འགན་འཁྲིའི་ཡི་གེ》བཞག་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།