དབུ་ཤོག>སྲིད་དོན།
  • ཅང་ཅེས་བོད་ཀྱི་འཕྲལ་སྡོམ་རོགས་སྐྱོབ་རྟེན་གཞིར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2018-05-24

    ཚེས21ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་བོད་ཀྱི་འཕྲལ་སྡོམ་རོགས་སྐྱོབ་རྟེན་གཞི་འཛུགས་སྐྲུན་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་བ་རེད།

    ཅང་ཅེས་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་དང་ངོས་འཛིན་ཟབ་ཏུ་བཏང་ནས་བསམ་བློ་དང་བྱ་སྤྱོད་དེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། རྩེ་རིམ་ཇུས་འགོད་ཡག་པོ་བྱེད་པ། ཞིབ་མཆན་འགོད་པའི་བརྒྱུད་རིམ་ལེགས་སུ་གཏོང་བ་བཅས་བྱས་ཏེ་འཕྲལ་སྡོམ་རོགས་སྐྱོབ་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གོམ་སྟབས་སྔར་བས་མགྱོགས་སུ་གཏོང་དགོས། ལུགས་མཐུན་དང་ཚད་མཐུན་གྱི་རྨང་གཞིའི་ཐོག་ལས་ཡུན་དམ་འཛིན་གྱིས་ལས་གྲྭའི་སྤུས་ཚད་འགན་ལེན་དང་སྔ་ཙམ་བསྐྲུན་ཐུབ་པ་དང་། སྔ་ཙམ་གཉེར་སྐྱོང་ཐུབ་པ། སྔ་ཙམ་ཕན་འབྲས་ཐོན་པ་བཅས་བྱ་རྒྱུའི་བརྩོན་ལེན་བྱས་ནས་མི་རིགས་ཁག་གི་མང་ཚོགས་ལ་སྔ་ཙམ་ཕན་པ་ཐོབ་པ་བྱེད་དགོས། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་དོན་འཁྱོལ་བྱེད་པ། སྦྲེལ་མཐུད་ཧུར་ཐག་བྱེད་པ། འཐུས་སྒོ་ཚང་བའི་ཞབས་ཞུའི་མ་ལག་ཞིག་སྐྲུན་པ་བཅས་བྱས་ནས་རྒྱལ་ཁབ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་དོ་ཁུར་དང་རྒྱབ་སྐྱོར་དོན་ཐོག་ཏུ་འཁྱོལ་བ་བྱེད་པ་དང་ཕན་འབྲས་དངོས་ཐོན་པ་བྱས་ཏེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།