དབུ་ཤོག>སྲིད་དོན།
  • འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་འགན་འཁྲི་ནན་དུ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་བོད་སྡོད་དཔུང་སྡེས་རིན་ཡོད་ཞབས་ཞུ་ཕྱོགས་ཡོངས་ནས་མཚམས་འཇོག་བྱེད་པའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་དང་བརྟན་པོ་གཏོང་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-05-18

    ཚེས་16ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཀྱིས་ཆེད་དོན་ཚོགས་འདུ་འཚོགས་ནས་བོད་སྡོད་དཔུང་སྡེས་རིན་ཡོད་ཞབས་ཞུ་ཕྱོགས་ཡོངས་ནས་མཚམས་འཇོག་བྱེད་པའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་དང་བརྟན་པོ་གཏོང་རྒྱུར་སླར་ཡང་བཀོད་སྒྲིག་དང་སླར་ཡང་ནན་བཤད་གནང་ཞིང་། ཚོགས་འདུའི་ཐོག་ལྗོངས་ཏང་ཨུད་ཀྱི་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་རང་རྟོགས་ངང་དམག་དཔུང་སྟོབས་ཆེར་གཏོང་བ་དང་། དམག་དཔུང་དར་རྒྱས་གཏོང་བ། དམག་དམངས་མཉམ་འདྲེས་འཕེལ་རྒྱས་གཏོང་བ་བཅས་ཀྱི་འཐབ་ཇུས་མཐོ་ཚད་ཐོག་ནས“འདུ་ཤེས་བཞི”བརྟན་པོ་བཙུགས་ཏེ་རང་རྟོགས་ངང་སྲོག་ཤིང་ལ་གོང་བཀུར་དང་། ལྷག་བསམ་རྣམ་དག ཡིད་ཆེས། སྲུང་སྐྱོང་བཅས་བྱས་ཏེ་དེ་བས་བརྟན་པའི་ཆབ་སྲིད་ཀྱི་དད་སེམས་ཐོག་ནས་ལས་འགན་སྒྲུབ་སེམས་དང་འགན་འཁྲིའི་སེམས་པ་ཆེ་རུ་ཏན་ཏིག་གཏོང་བ་དང་། བསམ་བློར་སྔར་བས་བཅིངས་འགྲོལ་དང་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། འགན་འཁྲི་ནན་དུ་གཏོང་བ་དང་དུས་བཅད་གསལ་པོ་བཟོ་བ་བཅས་བྱས་ཏེ་བོད་སྡོད་དཔུང་སྡེས་རིན་ཡོད་ཞབས་ཞུ་ཕྱོགས་ཡོངས་ནས་མཚམས་འཇོག་བྱེད་པའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་དང་བརྟན་པོ་བཏང་ནས་ཏང་ཀྲུང་དབྱང་གིས་དཀྲིས་པའི་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱེད་དགོས་པའི་ནན་བཤད་གནང་བ་རེད། 

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ཚོགས་འདུར་ཕེབས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད། 

    འབྲེལ་ཡོད་ཀྱི་རིན་ཡོད་ཞབས་ཞུ་མཚམས་འཇོག་ལས་ཀའི་འཕེལ་རིམ་གནས་ཚུལ་སྐོར་གྱི་སྙན་སེང་གསན་རྗེས།  ཀྲོང་ཡན་གྱིས་དམག་དཔུང་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་རིན་ཡོད་ཞབས་ཞུ་ཕྱོགས་ཡོངས་ནས་མཚམས་འཇོག་བྱ་རྒྱུ་ནི་ཏང་ཀྲུང་དབྱང་དང་། ཀྲུང་དབྱང་དམག་ཨུད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བཅས་ཀྱིས་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་ལ་དམིགས་ནས་བཏོན་གནང་བའི་འཐབ་ཇུས་དང་ཇུས་འགོད་གལ་ཆེན་དང་ཆབ་སྲིད་ཀྱི་ལས་དོན་གལ་ཆེན་ཞིག་རེད། དམག་དཔུང་དང་ས་གནས་ཕྱོགས་གཉིས་ཀྱི་ཐུན་མོང་འབད་བརྩོན་བརྒྱུད། རང་སྐྱོང་ལྗོངས་ཀྱི་རིན་ཡོད་ཞབས་ཞུ་མཚམས་འཇོག་བྱེད་པའི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད། གྲུབ་འབྲས་དེ་དག་ནི་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། བོད་དམག་ཁུལ་ཁང་གིས་ཚད་མཐོའི་མཐོང་ཆེན་དང་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་ལས་བྱུང་བ་ཞིག་དང་། བོད་སྡོད་དཔུང་སྡེ་དང་གྲོང་ཁྱེར་དང་ས་ཁུལ་ཁག་གི་གཞོགས་འདེགས་དམ་ཟབ་དང་རང་འགུལ་ངང་ལས་དོན་སྒྲུབ་པ་ལས་བྱུང་བ་ཞིག་རེད། བོད་སྡོད་དཔུང་སྡེ་དང་གྲོང་ཁྱེར་དང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དམག་དཔུང་གིས་རིན་ཡོད་ཞབས་ཞུ་མཚམས་འཇོག་བྱེད་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བའི་སྐོར་གྱི་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆ་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་པ་དང་གོ་བ་གཏིང་ཟབ་བླངས་ཏེ་དུས་བབ་དང་ལས་འགན་ལ་ངོས་འཛིན་གསལ་པོ་བྱེད་པ་དང་། སྤྱིའི་བླང་བྱ་ཁ་གསལ་བཟོ་བ། ཚད་གཞི་ཁོང་དུ་ཆུད་པ་བཅས་བྱས་ནས་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གོ་ཆོད་པ་དང་སྤྱོད་གོ་ཆོད་པའི་ཞིབ་་ཕྲའི་བྱེད་ཐབས་ཏན་ཏིག་བཟོ་དགོས། རིན་ཡོད་ཞབས་ཞུ་མཚམས་འཇོག་བྱེད་པའི་ལས་འགན་གྱི་དུས་བཀག་ཁ་གསལ་བཟོས་ནས་བཅའ་ཁྲིམས་དང་སྲིད་ཇུས་གཞི་འཛིན་སར་བྱས་ཏེ་དཔྱད་གཅོད་ལ་ཤུགས་སྣོན་རྒྱག་པ་དང་། ལས་ཀའི་སྔོན་ཇུས་ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་བ། རིན་ཡོད་ཞབས་ཞུ་མཚམས་འཇོག་བྱེད་པའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།