དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ལས་བགོས་འགན་འཁུར་སྡེ་ཚན་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ཆེད་དོན་གྲོས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-05-16

    ཚེས་14ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ལས་བགོས་འགན་འཁུར་སྡེ་ཚན་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ཆེད་དོན་གྲོས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་ལས་བགོས་འགན་འཁུར་སྡེ་ཚན་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་གནས་ཚུལ་གསན་པ་མ་ཟད་གོམ་སྟབས་རྗེས་མའི་ལས་འགན་བཀོད་སྒྲིག་ཀྱང་གནང་བ་རེད། ཀྲོང་ཡན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ་བཅས་དང་དེ་བཞིན་སྤྱི་ཁྱབ་ཧྲུའུ་ཅིས་ཀྲུང་དབྱང་སྒྲིག་ཨུད་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ལྗོངས་སྒྲིག་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་སྲིད་གཙང་ལས་དོན་ཚོགས་འདུ་ཐེངས་དང་པོའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། སྤྱོད་གཙང་གི་སྲིད་གཞུང་འཛུགས་སྐྱོང་ལ་དམིགས་པ་དང་། འགན་ནུས་སྒྱུར་མགྱོགས་སུ་གཏོང་བ། ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན། སྤྱོད་གཙང་སྒྲིག་ནན་བཅས་བྱས་ཏེ་སྡེ་ཚན་ཁག་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ལ་རྒྱུན་ཆད་མེད་པར་འཕེལ་རིམ་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    ཀྲོང་ཡན་གྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་སྐོར་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་ནན་པོ་དང་། ལྗོངས་ཏང་ཨུད་ཀྱི“བརྟན་པོ་འཛུགས་དགོས་པ་གསུམ”གྱི་བླང་བྱ་མཐའ་གཅིག་ཏུ་དོན་འཁྱོལ་ཡག་པོ་བྱས་ཏེ་ནམ་ཡང་ཚར་དུས་མེད་པའི་སྙིང་རུས་ཐོག་ནས་སྡེ་ཚན་ཁག་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་གཏིང་ཟབ་ཕྱོགས་སུ་ཁྲིད་སྟོན་བྱེད་དགོས་པ་སྟེ།

    གཅིག་ནས་དར་ཆ་གསལ་སྟོན་གྱི་སྒོ་ནས་ཆབ་སྲིད་ལ་སྣང་ཆེན་བྱས་ཏེ“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས་རང་རྟོགས་ངང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། གཉིས་ནས་རུལ་སུངས་ལ་ཆད་པ་སྤྱོད་ཤུགས་ཆེ་རུ་བཏང་སྟེ་སྤྱོད་གཙང་ལས་དོན་གྱི་འགོག་སྲུང་དྲ་བ་དམ་ཚགས་སུ་གཏོང་བ་དང་། རུལ་སུངས་ལ་ཆད་པ་གཅོད་པའི་རྣམ་གནོན་རང་བཞིན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་རུལ་སུངས་གནད་དོན་ལ་དམ་པོར་དམིགས་པ་བཅས་བྱས་ཏེ་སྲིད་གྲོས་ཀྱི་འབྲེལ་བ་གསར་པ་འཛུགས་རྒྱུར་གཞོལ་དགོས་པ། གསུམ་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་བྱས་ཏེ་རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས“སྤྱོད་ཚུལ་བཞི”བཅོས་སྒྲིག་དང་། དགོས་པའི་ལས་མི་བྱེད་པ་དང་ལས་ཀ་བྱེད་འགོར་བའི་སྣང་ཚུལ་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་པ། ལས་ཀའི་སྤུས་ཚད་དང་ལས་ཆོད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ཏེ་དུས་རབས་གསར་པར་བྱས་རྗེས་དེ་བས་འཇོག་དགོས་པ། བཞི་ནས་བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་ནས་ཏང་ཙུའུ་ཡི་ཧྲུའུ་ཅིས“འགན་འཁྲི་ཨང་དང་པོ་འཁུར་ཐུབ་པ”བྱེད་པ་དང་། ཚན་ཁག་གི་ཁོངས་མིས“ལས་གནས་གཅིག་ལ་འགན་འཁྲི་གཉིས”ཡག་པོ་སྒྲུབ་པ། སྒྲིག་ཨུད་ལྟ་ཨུད་ཀྱིས་བཏང་བའི་སྒྲིག་གཞིའི་ལྟ་སྐུལ་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་རང་འགུལ་ངང་དང་ལེན། ལྟ་སྐུལ་འོག་ལས་དོན་སྒྲུབ་པ་དང་། ལྟ་སྐུལ་འོག་འགན་འཁྲི་སྒྲུབ་པ། ལྟ་སྐུལ་འོག་འཚོ་བ་སྐྱེལ་རྒྱུ་བཅས་ལ་གོམས་པ་བྱས་ཏེ་ལས་གཙང་མ་སྒྲུབ་པ་དང་མི་དྲང་པོ་ཞིག་བྱས་ནས་སྤྱོད་གཙང་གཞུང་དྲང་གི་ལས་སྒྲུབ་ལས་གཏོད་ཁོར་ཡུག་ཅིག་གཏོད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།