དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-05-09

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་ཚོང་འགུག་མ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་སྐོར་གྱི་གཏན་འབེབས་འགའ་ཞིག(ཚོད་ལྟའི་ལག་བསྟར)》དང《〈བྱེད་ནུས་གཙོ་བོའི་ཁུལ་གྱི་འཐབ་ཇུས་དང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར་འགའ་ཞིག〉ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་ཇུས་གཞིར》ཞིབ་འཇུག་དང་གྲོས་བསྡུར་གནང་བ་རེད། ཁོང་གིས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་ཧུར་ཐག་བྱས་ཏེ་དུས་རབས་གསར་པའི་ཚོང་འགུག་མ་འདྲེན་གྱི་ལས་དོན་གསར་པ་ཡག་པོ་བསྒྲུབས་ནས་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས། བྱེད་ནུས་གཙོ་བོའི་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོར་འཛུགས་པ། རང་ལྗོངས་ཀྱི་དཔལ་འབྱོར་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་མགྱོགས་པོ་བྱེད་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།

    ཀྲོང་ཡན་གྱིས་སྡེ་ཚན་ཁག་ལ་ཚོང་འགུག་མ་འདྲེན་གྱི་ལས་དོན་སྤེལ་མགྱོགས་སུ་གཏོང་བའི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་ངོས་འཛིན་གང་ལེགས་ཐུབ་པ་བྱེད་པ་དང་། སྡེ་ཚན་ཁག་གི་འགན་འཁྲི་དང་ཟུང་འབྲེལ་བྱེད་པ། ལག་བསྟར་བྱེད་འཐུས་ཀྱི་སྲིད་ཇུས་བྱ་ཐབས་ཞིབ་འཇུག་གིས་འདོན་པ་བཅས་བྱས་ཏེ་ཚོང་འགུག་མ་འདྲེན་ལ་ལེགས་ལ་ལྷུག་པའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་དགོས་ཞེས་བླང་བྱ་བཏོན་གནང་བ་སྟེ། གཅིག་ནས་ཀྲུང་དབྱང་གིས་བོད་ལ་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ཡག་པོ་དང་ཆད་ལུས་མེད་པར་སྤྱད་དེ་སྲིད་ཇུས་ཀྱི་ཁེ་སྤོགས་གང་མང་སྤྲོད་དགོས་པ་དང་། གཉིས་ནས་བོད་ཀྱི་དམིགས་བསལ་ལྗོངས་བབ་དང་ཟུང་འབྲེལ་གྱིས་བཅའ་ཁྲིམས་ཀྱིས་ཆོག་པའི་ཁྱབ་ཁོངས་ནང་རྒྱབ་སྐྱོར་གྱི་སྲིད་ཇུས་གསར་གཏོད་རང་བཞིན་གྱི་སྒོ་ནས་བཏོན་ཏེ་གཉེར་ཚོང་གྱི་ཁོར་ཡུག་ཡག་པོ་ཞིག་གཏོད་དགོས་པ།གསུམ་ནས་ཉེ་བའི་ལོ་ཤས་རིང་ཚོང་འགུགས་མ་འདྲེན་དང་ནོར་ཁྲལ་སོགས་ཐད་བཏོན་པའི་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་དང་གཏན་འབེབས་ཁོང་དུ་ཡག་པོ་ཆུད་པ་དང་གོ་བ་གཏིང་ཟབ་བླངས་ཁར་སྦྲེལ་མཐུད་ལས་དོན་ཡག་པོ་བསྒྲུབས་ནས་རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་ལ་ནུས་པ་ཐོན་པ་བྱེད་དགོས་པ། བཞི་ནས་བསམ་བློ་སྔར་བས་བཅིངས་འགྲོལ་གཏོང་བ་དང་། དར་རྒྱས་ཆེ་བའི་ཞིང་ཆེན་དང་གྲོང་ཁྱེར་གྱི་ཉམས་མྱོང་དང་བྱེད་སྟངས་སློབ་སྦྱོང་ཡག་པོ་དང་དཔྱད་གཞིར་ཡག་པོ་འཛིན་པ། རྒྱ་སྟོབས་ཆེ་རིགས་འགུགས་འདྲེན་བྱེད་པ། ཁེ་ལས་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་སྒུལ་ནུས་གསར་རྙིང་བརྗེ་བསྒྱུར་ལ་སྐུལ་འདེད་གཏོང་དགོས་པ་བཅས་རེད།

    ཀྲོང་ཡན་གྱིས་བྱེད་ནུས་གཙོ་བོའི་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གནང་བའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། བྱེད་ནུས་གཙོ་བོའི་ཁུལ་གྱི་འཐབ་ཇུས་དང་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་ནི་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པའི་བོད་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་ཡིན་ཞེས་བསྟན་གནང་བ་རེད།

    ཀྲོང་ཡན་གྱིས་སྡེ་ཚན་ཁག་གིས་བྱེད་ནུས་གཙོ་བོའི་ཁུལ་གྱི་འཐབ་ཇུས་དང་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་དོན་སྙིང་གལ་ཆེན་ངོས་འཛིན་གང་ལེགས་ཐུབ་པ་བྱས་ཏེ། རྒྱལ་ཁབ་དང་རང་སྐྱོང་ལྗོངས་རིམ་པའི་བྱེད་ནུས་གཙོ་བོའི་ཁུལ་གྱི་འཐབ་ཇུས་བཀོད་སྒྲིག་དེ་གྲོང་ཁྱེར(ས་ཁུལ)དང་རྫོང(ཆུས)རིམ་པར་དོན་འཁྱོལ་ཐུབ་པ་བྱེད་དགོས། རྒྱལ་ཁབ་ཀྱི་བྱེད་ནུས་གཙོ་བོའི་ཁུལ་གྱི་འཐབ་ཇུས་ཀྱི་རྣམ་པ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་རིགས་ཁག་གི་བྱེད་ནུས་གཙོ་བོའི་ཁུལ་གྱི་བར་མཐོངས་འཕེལ་རྒྱས་ཀྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རིགས་ཁག་གི་བྱེད་ནུས་གཙོ་བོའི་ཁུལ་འཛུགས་སྐྲུན་ལས་དོན་ཡག་པོ་སྒྲུབ་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།