དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ལ་གཟིགས་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-05-07

    ཚེས་5ཉིན་གྱི་སྔ་དྲོ། རང་ལྗོངས་ཀྱི“2018ལོའི་ལས་ཞུགས་ཞབས་ཞུའི་བྱེད་སྒོ་སློབ་གྲྭར་སྤེལ་བའི་མཛད་སྒོ་དང་དཔྱིད་དུས་མཐོ་སློབ་སློབ་ཐོན་སློབ་མའི་སློབ་གྲྭའི་གདན་ཞུའི་ཚོགས་འདུ”བོད་ལྗོངས་སློབ་ཆེན་གྱི་སློབ་ཁུལ་གསར་པར་ལེགས་གྲུབ་ལྡན་པའི་ངང་གཉེར་བ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་གཟིགས་ཞིབ་དང་མཛུབ་ཁྲིད་གནང་སྐབས། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ལས་ཞུགས་སྔོན་ལ་བྱེད་པའི་འཐབ་ཇུས་དང་ལས་ཞུགས་ཧུར་ཐག་བྱེད་པའི་སྲིད་ཇུས་ལག་བསྟར། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྲིད་གཞུང་བྱེད་པའི་ལས་ཞུགས་དང་ཁྲོམ་རའི་ལས་ཞུགས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བཅས་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མ་སོགས་གཞོན་ནུའི་ཚོགས་སྤྱིའི་ཐབས་ལམ་མང་བའི་ལས་ཞུགས་དང་ལས་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་མཐོ་སློབ་སློབ་ཐོན་སློབ་མའི་སྤུས་ཚད་མཐོ་བའི་ལས་ཞུགས་མངོན་འགྱུར་ཐུབ་པ་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་གསར་པ་ཐུན་མོང་ཐོག་རྩོམ་དགོས་ཞེས་ནན་བཤད་གནང་བ་རེད།

    བོད་ལྗོངས་སློབ་ཆེན་གྱི་སློབ་ཁུལ་གསར་པར་ལྗོངས་ཕྱི་ནང་གི་ཁེ་ལས་300ཡི་གདན་ཞུའི་འགྲེམས་སྟེགས་རིམ་པ་བཞིན་གྲལ་བསྒྲིགས་ཡོད་པ་དང་དེར་ཡོང་བའི་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ཚོས་འཚང་ཁ་ཤིག་ཤིག་ངང་འདོད་པ་ཡོད་པའི་ཁེ་ལས་ལ་ལས་གནས་བློ་འདྲི་བྱས་པ་དང་སོ་སོའི་ལོ་རྒྱུས་མདོར་བསྡུས་སྤྲད། ཀྲོང་ཡན་གདན་ཞུའི་ཚོགས་འདུར་ཕེབས་ཏེ་གདན་ཞུའི་གསལ་བརྡར་གཟིགས་ནས“ཁེ་ལས་ལ་ཤེས་ལྡན་མི་སྣ་གང་འདྲ་དགོས་པ”དང་། “ལས་ཀ་འཚོལ་མཁན་ལ་རེ་བ་གང་ཡོད་པ” “གླ་ཆ་དང་ཐོབ་ཐང་གང་འདྲ་ཡོད་མེད”སོགས་ཀྱི་ཐད་མི་སྤྱོད་ཚན་པ་དང་སྤེལ་རེས་གནང་ཞིང་། ད་ཐེངས་ཀྱི་གདན་ཞུའི་ཚོགས་འདུས་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མར་ལས་གནས་4000ལྷག་ཙམ་མཁོ་འདོན་བྱས་པ་མཁྱེན་སྐབས། ཀྲོང་ཡན་དགྱེས་ཚོར་ཆེན་པོ་བྱུང་བ་དང་ཁོང་གིས་འབྲེལ་ཡོད་སྡེ་ཚན་ལ་ཕྱོགས་གཉིས་ཀའི་སྔོན་དཔག་གི་དགོས་མཁོ་ལུགས་མཐུན་འདོན་སྤྲོད་དང་། ཞབས་ཞུའི་བརྒྱུད་རིམ་ལེགས་སུ་གཏོང་བ། ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མ་དང་མི་སྤྱོད་ཚན་པར་དེ་བས་སྟབས་བདེ་དང་། ནུས་ཆེ། གནད་འཁེལ་བཅས་ཀྱི་ལས་ཞུགས་ཞབས་ཞུ་མཁོ་འདོན་ཧུར་ཐག་བྱེད་དགོས་པའི་ནན་མངག་གནང་བ་རེད།

    ཀྲོང་ཡན་གྱིས་གདན་ཞུའི་བྱེད་སྒོ་སྤེལ་བ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་གྱི་ཞིབ་ཕྲའི་བྱེད་ཐབས་ཤིག་ཡིན། རིམ་ཁག་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་བ་དང་འགན་འཁྲི་འཁུར་བར་ཤུགས་སྣོན་བརྒྱབ་ནས་རང་འགུལ་ངང་བྱས་རྗེས་འཇོག་པ་དང་གནད་འཕིགས་ཤུགས་འདོན།སྲིད་ཇུས་དོན་འཁྱོལ་དང་། ལས་གནས་གསར་སྤེལ། རང་བརྟེན་ལས་གཏོད་ལ་སྐུལ་ལྕག ཞབས་ཞུའི་ཆུ་ཚད་མཐོར་གཏོང་། ལས་ཞུགས་ཁེ་དབང་ལ་སྲུང་སྐྱོང་བཅས་ཐད་གཞོལ་བ་དང་དེ་བས་མཐོ་བའི་བླང་བྱ་དང་དེ་བས་ནུས་ལྡན་གྱི་བྱེད་ཐབས་ཐོག་ནས་ཁྲོམ་རའི་ལས་ཞུགས་དང་ཐབས་ལམ་མང་བའི་ལས་ཞུགས་ལ་སྐུལ་འདེད་བཏང་སྟེ་ཁྲོམ་རའི་ལས་ཞུགས་དེ་མཐོ་སློབ་སློབ་ཐོན་སློབ་མའི་གདམ་ག་དང་པོ་དང་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་སའི་གར་སྟེགས་ཡག་ཤོས་སུ་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད། ཀྲོང་ཡན་གྱིས་མཐོ་སློབ་སློབ་ཐོན་སློབ་མ་ཚོས་ཆེད་ལས་ཀྱི་དགེ་མཚན་དང་ལེགས་ཆ་འདོན་སྤེལ་བྱས་ནས་གདན་ཞུའི་ནང་ཧུར་ཐག་ཞུཌ་པ་དང་ཁེ་ལས་ནང་ཤེས་རྩལ་ངོམས་ཏེ་དུས་རབས་གསར་པའི་བོད་ལྗོངས་ལ་གསོན་ཤུཌ་གསར་པ་བསྣན་ཆེད། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”ཞིག་ཧུར་ཐག་བྱེད་དགོས། མི་སྤྱོད་ཚན་པ་ཁག་གིས་མཐོ་སློབ་སློབ་ཐོན་སློབ་མར་འཕེལ་རྒྱས་ཀྱི་སྟེགས་བུ་ཡངས་པོ་ཞིག་མཁོ་འདོན་བྱས་ནས་ཁོང་ཚོ་ཁེ་ལས་འཕེལ་རྒྱས་དང་དཔལ་འབྱོར་འཛུཌ་སྐྲུན་གྱི་སྟོབས་གསར་དམག་དཔུང་དུ་འགྱུར་བ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།