དབུ་ཤོག>སྲིད་དོན།
  • ཏིང་ཡེ་ཤན་གྱིས་ལྷ་སར་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་སྲུང་སྐྱོང་ལས་ཀའི་གནས་ཚུལ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-04-24

    ཚེས་21ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཏིང་ཡེ་ཤན་གྱིས་ལྷ་སར་བརྟན་ལྷིང་སྲུང་སྐྱོང་དང་། བདེ་འཇགས་སྲུང་སྐྱོང་། ཞབས་ཞུ་དོ་དམ་བཅས་ཀྱི་བྱེད་ཐབས་དོན་འཁྱོལ་བྱེད་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་བསྟན་ཁོ་དང་པད་མ་དབང་འདུས་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།

    ཀུན་བདེ་གླིང་མངགས་གཏོང་ཁང་དང་ནོར་བུ་གླིང་ཁར་ཏིང་ཡེ་ཤན་གྱིས་སྤྱི་བདེའི་ལས་བྱེད་ཉེན་རྟོག་པ་དང་ལས་སྒྲུབ་དཔོན་དམག་རེ་རེ་བཞིན་ལ་ཕྱག་བཏང་གནང་སྟེ། བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་སྲུང་སྐྱོང་གི་བྱེད་ཐབས་དང་ཞབས་ཞུ་དོ་དམ་དོན་འཁྱོལ་བྱེད་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། རིམ་པ་ཁག་དང་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་དུས་ཡུན་རིང་པོའི་ནང་འགན་འཁྲིར་བློ་དཀར་སེམས་དཀར་བྱེད་པ་དང་འགན་འཁྲི་འཁུར་ཕོད་པ་བྱས་ནས་ཁོངས་གཏོགས་ཁུལ་གྱི་བདེ་འཇགས་ཁོར་ཡུག་ལེགས་གཏོང་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཆེད་སེམས་ཤུགས་གང་ཡོད་བཏོན་པར་བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་རྣམ་དག་གི་འཚམས་འདྲི་ཞུས་ཤིང་། ཏིང་ཡེ་ཤན་གྱིས་འདི་ལོ་ཚུན་དུ་ཚང་མས“འདུ་ཤེས་བཞི”བརྟན་པོར་འཛུགས་པ་དང་། “གདེང་ཚོད་བཞི”ཆེ་རུ་བཏང་སྟེ། “རྐྱེན་མ་བྱུང་གོང་ནས་བཟློག་རྒྱུར”དམིགས་ནས་བཀོད་སྒྲིག་ཤུགས་ཆེན་བྱེད་པ་དང་། “གནས་ཚུལ་ཚབས་ཆེ་མི་ལྷག་རྒྱུ”གཞི་འཛུགས་སར་བྱས་ནས་བྱེད་ཐབས་གཏན་འཁེལ་བྱེད་པ། “འགན་འཁྲི་ཁུར་ཕོད་མིན”ཚད་གཞིར་བྱས་ནས་ལས་བྱེད་པར་ལྟ་བ། འགག་སྒྲོལ་དཀའ་སེལ་དང་ལེགས་སྐྱེས་འབུལ་རྒྱུར་འབད་འཐབ་བྱེད་པ། མཚམས་ཚིགས་རེ་རེ་བཞིན་བཀོད་སྒྲིག་བྱེད་པ། དམག་འཐབ་རེ་རེ་བཞིན་རྒྱག་པ་བཅས་ཀྱི་ཐོག་ནས་དཔྱིད་གསར་དུས་ཆེན་དང་། བོད་ཀྱི་ལོ་གསར། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་སོགས་དུས་མཚམས་གལ་ཆེན་གྱི་བདེ་འཇགས་བརྟན་ལྷིང་བྱུང་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་དུས་བབ་མུ་མཐུད་དང་། ཡུན་རིང་། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་བརྟན་ལྷིང་ཡོང་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་པ་བྱུང་ཡོད་ཅེས་གསུངས།

    ཏིང་ཡེ་ཤན་གྱིས་མིག་སྔ་ནི་དབུལ་སྐྱོར་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩའི་དུས་སྐབས་ཤིག་ཡིན་པས། རིམ་པ་ཁག་དང་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། ཡུན་ནས་ཡུན་དུ་བྱས་རྗེས་འཇོག་ཆེད་འབད་འཐབ་ལྷོད་མེད་བྱས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་ལས་ཀའི་བླང་བྱ་ཁག་ལག་བསྟར་དོན་འཁྱོལ་གྱིས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཞི་མཐུན་བརྟན་ལྷིང་གི་ཁོར་ཡུག་ཡག་པོ་ཞིག་ཧུར་ཐག་གཏོད་པ་དང་། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་། ལྗོངས་ཏང་ཨུད་ཐུགས་བློ་བདེ་པོ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་བློ་ཡིད་ཚིམ་པོ་བཅས་ཡོང་བར་བྱེད་དགོས་པའི་ནན་བཤད་གནང་བ་སྟེ། གཅིག་ནས་དུས་རབས་གསར་པའི་བརྟན་ལྷིང་སྲུང་སྐྱོང་གི་ལས་ཀའི་ཆོས་ཉིད་དང་ཁྱད་ཆོས་ལ་ཞིབ་འཇུག་གཏིང་ཟབ་དང་ཁོང་དུ་ཡང་དག་ཆུད་པ་བྱེད་དགོས། ཡུན་རིང་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཁྲོད་གསོག་འཇོག་བྱས་པའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དང་བྱེད་ཐབས་ལ་ཕྱོགས་སྡོམ་ནན་ཏན་བྱེད་པ་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་ཀའི་ཕུགས་ཕན་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་ཀའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པ་དང་། གཉིས་ནས་སྤྱི་ཚོགས་བཅོས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱས་ཏེ། འདུ་ཤེས་དང་། ལམ་ལུགས། ལམ་སྲོལ། བྱེད་ཐབས་བཅས་གསར་གཏོད་ལ་སྣང་ཆེན་གྱིས་ལས་ཀའི་བསམ་ཕྱོགས་གསལ་པོ་བཟོ་བ་དང་། སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་ཅན་དང་། ཁྲིམས་སྐྱོང་ཅན། རིག་ནུས་ཅན། ཆེད་ལས་ཅན་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ཆུ་ཚད་མཐོ་རུ་བཏང་ནས་བོད་ཀྱི་སྤྱི་ཚོགས་ཁྱོན་ཡོངས་མུ་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱ་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་དགོས་པ། གསུམ་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་འཛུགས་པ་དང་ལག་བསྟར་ནན་ཏན་བྱས་ཏེ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པའི་བསམ་བློར་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་བླ་ན་མེད་པའི་འགན་འཁྲི་ཡག་པོ་སྒྲུབ་རྒྱུ་མཐའ་འཁྱོངས་བྱེད་པ། མི་དམངས་བདེ་འཇགས་ལྡན་པའི་དམིགས་ཡུལ་དེ་བརྟན་ལྷིང་སྲུང་སྐྱོང་དང་ཁོངས་གཏོགས་ཁུལ་གྱི་གྲོང་མིར་ཞབས་འདེགས་ཞུ་བའི་ཁྲོད་དོན་འཁྱོལ་བྱེད་པ། ཆབ་སྲིད་བདེ་འཇགས་ལྡན་པའི་རྩ་བ་དེ་ལས་སྒྲུབ་ལས་གྲབས་ཀྱི་ལས་དོན་ཁག་གི་ཁྲོད་དོན་འཁྱོལ་བྱེད་པ་བཅས་ཀྱི་ཐོག་ནས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད་འབུལ་འོས་པའི་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པ་བཅས་སོ།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།