དབུ་ཤོག>སྲིད་དོན།
  • ཅང་ཅེས་ལྗོངས་ཏང་ཨུད་ཕྱི་ཕྱོགས་དྲིལ་བསྒྲགས་གཞུང་དོན་ཁང་དང་དྲ་འཕྲིན་གཞུང་དོན་ཁང་གིས་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གནས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-04-18

     ཚེས་15ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་ལྗོངས་ཏང་ཨུད་ཕྱི་ཕྱོགས་དྲིལ་བསྒྲགས་གཞུང་དོན་ཁང་དང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་གིས་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གནས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་སྐབས་དུས་རབས་གསར་པ་དང་། དུས་བབ་གསར་པ། ལས་འགན་གསར་པ་བཅས་ལ་དམིགས་ནས“ནང་དུ་གདན་དྲངས་པ་དང་ཕྱིར་སྐྱོད་པའི”ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། “ནང་འདྲེན་ཡག་པོ་བྱེད་པའི”ལས་ཀའི་སྟོན་ཕྱོགས་ལ་ཤུགས་སྣོན་བརྒྱབ་སྟེ་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་དང་། ཞི་མཐུན་བོད་ལྗོངས། བདེ་སྐྱིད་ལྡན་པའི་བོད་ལྗོངས་བཅས་ནུས་ཤུགས་ཡོད་རྒུས་བཏོད་དེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཆེད་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    ཅང་ཅེས་ལྗོངས་ཏང་ཨུད་ཕྱི་ཕྱོགས་དྲིལ་བསྒྲགས་གཞུང་དོན་ཁང་དང་དྲ་འཕྲིན་གཞུང་དོན་ཁང་གིས་རང་ལྗོངས་ཀྱི་དུས་རབས་གསར་པའི་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲི་དང་ལས་འགན་གལ་ཆེན་འཁུར་ཡོད་པས། རང་འགུལ་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང“གདེང་ཚོད་བཞིར”སྔར་བས་ཤུགས་སྣོན་རྒྱག་པ་དང་། བསམ་ཕྱོགས་སྔར་བས་གསལ་བཟོ། ཞན་ཆ་གསབ་པ་བཅས་བྱས་ཏེ་ཕྱི་ཕྱོགས་དྲིལ་བསྒྲགས་དང་དྲ་འཕྲིན་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྱོང་དང་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། དོ་དམ་བྱེད་ཐུབ་པ་དང་ནང་འདྲེན་ཡག་པོ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཀྲུང་དབྱང་གི་བྱམས་རྩེའི་ཐུགས་ཁུར་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བྱ་ཐབས་གལ་ཆེན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ། མི་རིགས་ཁག་གི་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་བཅས་དུས་ཐོག་དང་། གོ་རིམ་ལྡན་པ། ཕྱོགས་ཡོངས། གནད་ལ་འཁེལ་བ་བཅས་ཀྱི་སྒོ་ནས་དྲིལ་བསྒྲགས་ཡག་པོ་བྱེད་པ་དང་རང་ལྗོངས་ཀྱི་ཕྱི་ཕྱོགས་དྲིལ་བསྒྲགས་དང་དྲ་འཕྲིན་ལས་དོན་ལ་ཐོབ་པའི་ཕན་འབྲས་གསར་པར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་རྣམ་པ་གསར་པ་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།