ཟླ་4ཚེས་10ཉིན་གྱི་ཕྱི་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་འགག་སྒོ་འཛུགས་སྐྲུན་དོ་དམ་དང་མཐའ་མཚམས་ཉོ་ཚོང་འཕེལ་རྒྱས་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཅང་ཅེས་རང་སྐྱོང་ལྗོངས་འགག་སྒོ་འཛུགས་སྐྲུན་དང་མཐའ་མཚམས་ཉོ་ཚོང་འཕེལ་རྒྱས་འགོ་ཁྲིད་ཚོགས་ཆུང་གི་2018ལོའི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་ནས། འགག་སྒོ་འཛུགས་སྐྲུན་དང་མཐའ་མཚམས་ཉོ་ཚོང་འཕེལ་རྒྱས་ལས་དོན་ཐད་ཞིབ་འཇུག་ནན་ཏན་བྱས་རྗེས། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་དམ་པོར་དམིགས་ཐོག་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་བགྲོད་ལམ་གལ་ཆེན་བཏོད་དེ། འགག་སྒོ་འཛུགས་སྐྲུན་དང་མཐའ་མཚམས་ཉོ་ཚོང་འཕེལ་རྒྱས་ལས་དོན་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཚོགས་འདུར་ཕེབས་པ་དང་སྦྲགས། གསུང་བཤད་ཀྱང་གནང་བ་རེད།
ཅང་ཅེས། འགག་སྒོ་འཛུགས་སྐྲུན་དང་མཐའ་མཚམས་ཉོ་ཚོང་འཕེལ་རྒྱས་ལས་དོན་ཁྲོད། མཐའ་ཚད་བསམ་ཕྱོགས་ལ་ཤུགས་སྣོན་བརྒྱབ་ནས་བརྟན་ལྷིང་དང་འཕེལ་རྒྱས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་པ་མ་ཟད། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་དོ་སྣང་བྱས་ནས་འགག་སྒོ་འཛུགས་སྐྲུན་དང་མཐའ་མཚམས་ཉོ་ཚོང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།