དབུ་ཤོག>སྲིད་དོན།
  • 《བོད་རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་བདེ་འཇགས་འཕྲོད་བསྟེན་སྲོལ་ཡིག》དང《བོད་རང་སྐྱོང་ལྗོངས་ཀྱི་ཚོང་ཟོག་ཉོ་ཚོང་ཁྲོམ་རའི་དོ་དམ་སྲོལ་ཡིག》རྩིས་མེད་གཏོང་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-04-12

    1988ལོའི་ཟླ་12ཚེས་24ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱུང་བ་དང་1997ལོའི་ཟླ་11ཚེས་12ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བདུན་པའི་ཐོག་བཟོ་བཅོས་བྱས་པའི《བོད་རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་བདེ་འཇགས་འཕྲོད་བསྟེན་སྲོལ་ཡིག》དང་། 1994ལོའི་ཟླ་10ཚེས་27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཅིག་པའི་ཐོག་གྲོས་འཆམ་བྱུང་བ་དང་1997ལོའི་ཟླ་7ཚེས་17ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་ལྔ་པའི་ཐོག་བཟོ་བཅོས་ཐེངས་དང་པོ་བྱས་པ་དང་2002ལོའི་ཟླ་1ཚེས་20ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བཞི་པའི་ཐོག་བཟོ་བཅོས་ཐེངས་གཉིས་པ་བྱས་པའི《བོད་རང་སྐྱོང་ལྗོངས་ཀྱི་ཚོང་ཟོག་ཉོ་ཚོང་ཁྲོམ་རའི་དོ་དམ་སྲོལ་ཡིག》 བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་ཐོག་རྩིས་མེད་གཏོང་རྒྱུའི་གཏན་འབེབས་བྱས་པ་ཡིན།

    གཏན་འབེབས་འདི་སྤྱི་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།