《བོད་རང་སྐྱོང་ལྗོངས་ཀྱིས་ནག་ཆུ་ས་ཁུལ་གྲོང་ཁྱེར་དུ་བསྒྱུར་རྒྱུར་མོས་མཐུན་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཆན་བཀོད་བཀའ་ལན》(རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡིག་ཆ་ [2017] ཡིག་ཨང་109)ཡི་དགོངས་དོན་གཞིར་བཟུང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འདེམས་བསྐོའི་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ས་གནས་རིམ་ཁག་མི་དམངས་འཐུས་ཚོགས་དང་ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གི་རྩ་འཛུགས་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས། ནག་ཆུ་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོ་ཡག་པོ་འཚོག་ཆེད། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་ཐོག་གཏན་འབེབས་བྱས་དོན།
གཅིག ནག་ཆུ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོའི་གྲ་སྒྲིག་ཚོགས་ཆུང་བཙུགས་ནས་ནག་ཆུ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོ་གྲ་སྒྲིག་གི་འབྲེལ་ཡོད་དོན་གནད་ཀྱི་འགན་འཁུར་རྒྱུ་དང་། འདེམས་བསྐོ་ཨུ་ཡོན་ལྷན་ཁང་འཛུགས་རྒྱུར་ཆོག་མཆན་སྤྲོད་རྒྱུ། ནག་ཆུ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་འདེམས་བསྐོ་གཙོ་སྐྱོང་བྱ་རྒྱུ། ནག་ཆུ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོའི་གྲ་སྒྲིག་ཚོགས་འདུ་སྐོང་ཚོགས་བྱ་རྒྱུ་བཅས་དང་།
གཉིས། ནག་ཆུ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་འཐུས་མིའི་མི་གྲངས་260ཡིན་པ་དང་། ནག་ཆུ་གྲོང་ཁྱེར་ཁོངས་གཏོགས་ཀྱི་རྫོང་དང་ཆུས་མི་དམངས་འཐུས་མི་ཚོགས་ཆེན་དང་ནག་ཆུ་གྲོང་ཁྱེར་དུ་བཅའ་སྡོད་བཅིངས་འགྲོལ་དམག་གི་འཐུས་མི་ཚོགས་ཆེན་ནས་འདེམས་རྒྱུ།
གསུམ། ནག་ཆུ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣའི་མི་གྲངས་35ཡིན་པ།
བཞི། ནག་ཆུ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོའི་གྲ་སྒྲིག་ཚོགས་ཆུང་གི་གཤམ་འོག་ཏུ་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བཙུགས་ནས་ནག་ཆུ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་ཐོག་འདེམས་རྒྱུའི་འཐུས་མི་བཅའ་ཁྲིམས་ཀྱི་གཏན་འབེབས་དང་མཐུན་མིན་ལ་ཞིབ་བཤེར་བྱ་རྒྱུའི་འགན་འཁུར་རྒྱུ་དང་འབྲེལ། གྲ་སྒྲིག་ཚོགས་ཆུང་ལ་གོང་ཞུ་བྱས་ཏེ་འཐུས་མིའི་མཚན་ཐོ་ཡོངས་བསྒྲགས་བྱ་རྒྱུ།