དབུ་ཤོག>སྲིད་དོན།
  • ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོ་འཚོག་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-04-02

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གི་རྩ་འཛུགས་བཅའ་ཁྲིམས》ཀྱི་གཏན་འབེབས་གཞིར་བཟུང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་ཐོག་གསེར་རྙེད་ཆུས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོ་འཚོག་རྒྱུའི་འབྲེལ་ཡོད་གནད་དོན་ཐད་གཏན་འབེབས་བྱ་རྒྱུ་གཤམ་གསལ།

    གཅིག ནག་ཆུ་རྫོང་ཆུས་སུ་བསྒྱུར་བར་གསེར་རྙེད་ཆུས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོ་འཚོག་དགོས་པ་དང་།

    གཉིས། ནག་ཆུ་རྫོང་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པ་གསེར་རྙེད་ཆུས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོར་བསྒྱུར་རྒྱུ།

    གསུམ། གསེར་རྙེད་ཆུས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོ་ནག་ཆུ་རྫོང་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྐོང་ཚོགས་བྱ་རྒྱུ།

    བཞི། གསེར་རྙེད་ཆུས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོས་ཆུས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣ་དང་། ཆུས་ཀྲང་། ཆུས་ཀྲང་གཞོན་པ། ཆུས་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན། ཆུས་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆུས་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་བཅས་ཁྲིམས་བཞིན་འདེམས་བསྐོ་བྱ་རྒྱུ།

    ལྔ། གསེར་རྙེད་ཆུས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣའི་མི་གྲངས་29ཡིན་པ།

    དྲུག གསེར་རྙེད་ཆུས་མི་དམངས་འཐུས་མི་ཚོགས་ཆེན་དང་རང་སྐྱོང་ལྗོངས་ཀྱི་རྫོང(ཆུས)གཞན་དག་གི་མི་དམངས་འཐུས་མི་ཚོགས་ཆེན་དུས་གཅིག་ཏུ་སྐབས་བརྗེ་བྱ་རྒྱུ།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།