དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-03-27

     ཚེས་23ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་སྲིད་གཞུང་གི་ཆེད་དོན་ཚོཌ་འདུ་གཙོ་སྐྱོང་གནང་ནས《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་གི་འཆར་གཞི་དང་ལག་བསྟར་ཇུས་གཞི》དང《“ལོ་ལྔ་ཚན་བཅུ་གསུམ་པའི”རིང་དྲོད་ཁང་གི་རླངས་གཟུགས་འབུད་ཚད་ཚོད་འཛིན་བྱ་རྒྱུའི་ལས་ཀའི་ཇུས་གཞི》དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་ཁག་གཉིས་པའི་རྒྱལ་ཁབ་ཀྱི་གཙོ་གནད་སྣོད་བཅུད་ནུས་པའི་ཁུལ་ཐོན་ལས་འཇུག་འཐུས་དང་ཐོན་ལས་ཀྱི་བཀག་རྒྱའི་གསལ་ཐོ་སོགས་ཀྱི་མ་ཟིན་གསུམ་ལ་ཞིབ་འཇུག་དང་གྲོས་བསྡུར་བྱས་པ་དང་འབྲེལ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོར་འཛུགས་པ་དང་། སྣོད་བཅུད་ཀྱི་མཐའ་ཚད་དམ་པོར་བཟུང་བ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བོད་ཀྱི་སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    ཀྲོང་ཡན་གྱིས་ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་དང་། དྲོད་ཁང་གི་རླངས་གཟུགས་འབུད་ཚད་ཚོད་འཛིན་བྱ་རྒྱུ། ཐོན་ལས་འཇུག་འཐུས་ཀྱི་བཀག་རྒྱའི་གསལ་ཐོ་བཟོ་རྒྱུ་བཅས་ནི་སྣོད་བཅུད་ཤེས་དཔལ་སྒྲིག་སྲོལ་སྒྱུར་བཅོས་ཀྱི་ནང་དོན་གལ་ཆེན་ཞིག་དང་། ལྗང་མདོག་འཕེལ་རྒྱས་འགན་ལེན་དང་སྐུལ་འདེད་གཏོང་རྒྱུའི་གཞི་རྟེན་གལ་ཆེན་ཞིག འཕེལ་རྒྱས་གཏོང་སྟངས་སྒྱུར་བ་དང་། དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག མངོན་གསལ་དོད་པའི་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱེད་པའི་དམ་འཛིན་བྱ་གཞི་ཞིག་བཅས་རེད། ལྗང་མདོག་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དེ་སྣོད་བཅུད་མ་ལག་གི་བརྟན་པོའི་རང་བཞིན་དང་འཐུས་ཚང་རང་བཞིན་སྲུང་སྐྱོང་བྱ་རྒྱུ་དང་རྒྱལ་ཁབ་ཀྱི་གལ་ཆེའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།

    ཀྲོང་ཡན་གྱིས་ས་གནས་ཁག་དང་སྡེ་ཚན་ཁག་གིས་བསམ་བློ་སྔར་བས་གཅིག་གྱུར་དང་ངོས་འཛིན་མཐོ་རུ་བཏང་སྟེ་བསམ་བློ་དང་བྱ་སྤྱོད་མཛེས་སྡུག་ལྡན་པའི་བོད་ལྗོངས་མགྱོགས་མྱུར་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་སྣོད་བཅུད་ཤེས་དཔལ་ལྟ་བ་བརྟན་པོར་འཛུགས་པ་དང་། ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས། ལྗང་མདོག་འཕེལ་རྒྱས་ཀྱི་བླང་བྱ་ཁག་དོན་འཁྱོལ་ནན་པོ་བཅས་བྱས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་མགྱོགས་མྱུར་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།