དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་2018ལོའི་རང་སྐྱོང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-03-10

    ཚེས་8ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་2018ལོའི་རང་སྐྱོང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ་རེད།

    ཀྲོང་ཡན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་འདི་ལོའི་དབུལ་སྐྱོར་ལས་བྱེད་པའི་དུས་ཐེངས་དབྱེ་བ་དང་ཁག་དབྱེའི་གསོ་སྦྱོང་གི་ནང་དོན་གཙོ་བོར་བརྩི་བ་དང་། རྒྱ་ཆེའི་དབུལ་སྐྱོར་ལས་བྱེད་པས་སྲིད་སྐྱོང་གི་བྱས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་རྒྱུར་ཁྲིད་སྟོན་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་དང་གནད་སྨིན་དབུལ་སྒྲོལ་གྱི་བརྟག་ཐབས་སྨྲ་བ་ཁོང་དུ་ཆུད་པ། ཚན་ཞིབ་འགག་སྒྲོལ་གྱི་གནད་དོན་དང་འགག་སྒྲོལ་གྱི་དཀའ་གནད་ཐག་གཅོད་ཀྱི་འཇོན་ཐང་ཆེར་གཏོང་། གཞི་རིམ་ལས་བྱེད་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་ཀྱི་ཆུ་ཚད་དང་ལས་སྒྲུབ་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལས་ཀ་བྱེད་དགོས་ཟེར་ན་བྱེད་པ་དང་། འཕྲལ་མར་ལས་ཀ་བྱེད་པ། ལས་ཀར་གྲུབ་འབྲས་ཐོབ་པ་བྱེད་པ། ལས་ཀ་ཡག་པོ་བྱེད་པ་བཅས་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཀྲོང་ཡན་གྱིས་བླང་བྱ་བཏོན་དོན། གཅིག་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་མངོན་གསལ་དོད་པའི་གནད་དོན་དག་ཐེར་མཐའ་གཅིག་ཏུ་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་ལྷག་པར་དུ་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅིས་བཏོན་གནང་བའི་མངོན་གསལ་དོད་པའི་གནད་དོན་མེ་ལོང་ལྟ་བུར་བརྩིས་ནས་དོན་ཚན་རེ་རེ་བཞིན་ལ་ཞིབ་བསྡུར་བྱས་ཏེ་རང་ངོས་ལ་ལྷག་པའི་གནད་དོན་འཚོལ་ཞིབ་ཀྱིས་འཕྲལ་དུ་ཞིབ་བཤེར་དང་དག་ཐེར་བྱེད་དགོས་པ་དང་།

    གཉིས་ནས་དམིགས་ཚད་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཡོ་འཁྱོག་མེད་པ་མཐའ་གཅིག་ཏུ་བྱེད་དགོས། ལག་ལེན་དུ་འཁྱོལ་ཐུབ་པའི་བྱ་ཐབས་ཏན་ཏིག་ངང་སྤྱད་ནས་ཤིན་ཏུ་དབུལ་པོའི་བཙན་རྫོང་གཏོར་ཏེ་རང་ལྗོངས་ཀྱི་མི་འབོར་དབུལ་པོ་ཁྲི་33ལ“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ཐུབ་རྒྱུའི་འགན་ལེན་བྱེད་དགོས་པ།

    གསུམ་ནས་གནད་སྨིན་བྱ་ཐབས་མཐའ་འཁྱོངས་བྱས་ནས་དབྱེ་འབྱེད་ཐད་གནད་སྨིན་དང་། བྱ་ཐབས་ལག་བསྟར་ཐད་གནད་སྨིན། ཕྱིར་འཐེན་ཐད་གནད་སྨིན་བཅས་བྱས་ཏེ་གནད་སྨིན་དེ་དུད་ཚང་དང་མིར་དོན་འཁྱོལ་ཐུབ་པ་བྱེད་དགོས་པ་ལས་གྲངས་ཀ་ཙམ་གྱི་དབུལ་སྒྲོལ་དང་དབུལ་སྒྲོལ་རྫུས་མ་གཏན་ནས་བྱེད་མི་རུང་།

    བཞི་ནས་དོ་དམ་ནན་པོ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་མ་དངུལ་གྱི་ཕན་འབྲས་ཆེ་རུ་མཐའ་གཅིག་ཏུ་གཏོང་དགོས། རྩིས་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཚུར་བསྡུ་མི་ཐུབ་པའི་མ་དངུལ་དེ་དག་དངོས་རྫས་ལ་འགྱུར་བ་བྱས་ནས་མ་དངུལ་བེད་སྤྱོད་ལ་ལྡན་དགོས་ངེས་ཀྱི་ཕན་འབྲས་ཐོན་རྒྱུའི་བརྩོན་ལེན་བྱས་ཏེ་གནད་སྨིན་དབུལ་སྐྱོར་གྱི་མ་དངུལ་ལྟ་སྐུལ་དོ་དམ་ཁྱོན་ཡོངས་ལ་ཁྱབ་རྒྱུར་སྐུལ་འདེད་གཏོང་དགོས་པ།

    ལྔ་ནས་ཆེད་དོན་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱོད་ཚུལ་གྱི་གནད་དོན་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་དགོས། སྟོབས་ཤུགས་གཅིག་སྡུད་ཀྱིས་དབུལ་སྒྲོལ་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་ཏེ་དབུལ་སྐྱོར་དོ་དམ་གྱི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་ཀྱི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་དགོས་པ།

    དྲུག་ནས་མང་ཚོགས་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ནང་གནས་ཀྱི་སྒུལ་ཤུགས་འདོན་སྤེལ་མཐའ་གཅིག་ཏུ་བྱེད་དགོས། མང་ཚོགས་དབུལ་པོར་སློབ་གསོ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ་ལས་བརྩོན་ཕྱུག་འགྱུར་ནི་གཟི་བརྗིད་དང་སྔོན་ལ་དབུལ་སྒྲོལ་ཐུབ་པ་ནི་གཟི་བརྗིད་ཡིན་པའི་རྣམ་པ་ཧུར་ཐག་གཏོད་དགོས་པ།

    བདུན་ནས་ཏང་འཛུགས་སྐྱོང་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་དགོས། དབུལ་སྒྲོལ་འགག་སྒྲོལ་ལ་ཏང་གིས་སྒྲིག་འཛུགས་དང་འགོ་ཁྲིད་རྒྱུར་ཤུགས་སྣོན་བརྒྱབ་ནས“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང“གདེང་ཚོད་བཞི”སྲ་བརྟན་དུ་བཏང་སྟེ་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་དགོས་པའི་ལས་མི་བྱེད་པར་མི་དགོས་ལས་རྙོག་བཟོ་བ་དང་སྒྱིད་ལུག་དང་རྣམ་གཡེང་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས་པ་བཅས་རེད།

    གྲོང་ཁྱེར་དང་ས་ཁུལ་ཁག་དང་རྫོང་དང་ཆུས་ཁག་ཏུ་ཡན་ལག་ཚོགས་ར་བཙུགས་ཡོད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཅིས་གོ་ཀང་དང་འཇམ་དཔལ་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།