དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ལྗོངས་ཏང་ཨུད་ཀྱི་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尕藏智华   |     སྤེལ་དུས།  2018-03-08

    ཚེས་5ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ལྗོངས་ཏང་ཨུད་ཀྱི་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཚོགས་འདུའི་ལས་འགན་གཙོ་བོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། དམག་དམངས་མཉམ་འདྲེས་འཕེལ་རྒྱས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་བཅས་བྱས་ཏེ་ལྗོངས་ཏང་ཨུད་ཀྱི་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་བཀོད་སྒྲིག་བླང་བྱ་གཞིར་བཟུང《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་འཆར་འགོད(ཞིབ་མཆན་འགོད་པར་འབུལ་རྒྱུ)》ལ་ཞིབ་འཇུག་གྲོས་བསྡུར་བྱ་རྒྱུ་དང་། 2017ལོའི་ལས་དོན་ཕྱོགས་སྡོམ་བྱ་རྒྱུ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱ་རྒྱུ་བཅས་རེད།

    མཁའ་དམག་ལྷ་ས་རྟེན་གཞིའི་སི་ལིང་ཡོན་ཚའེ་ཙེ་ཧྭ་ཚོགས་འདུར་ཕེབས་པ་རེད།

    ཀྲོང་ཡན་གྱིས་རང་ལྗོངས་ཀྱི་དམག་དམངས་མཉམ་འདྲེས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་གལ་ཆེན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་ལེན་ནུས་ལྡན་ཞིག་དང་། སྤྱིའི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་དང་དུས་བབ་གསར་པའི་འོག་གི་དམག་དོན་འཐབ་ཇུས་མཛད་ཕྱོགས་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་བརྟན་པོ་འཛུགས་པའི་བྱེད་ཐབས་ནུས་ལྡན་ཞིག རང་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་བླང་བྱ་ཞིག་བཅས་རེད། དེ་ཕྱིར་ང་ཚོས་ངེས་པར་དུ་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་ཀྱི་མཐོ་ཚད་ནས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད། ཁ་ཕྲལ་ལ་ངོ་རྒོལ། མཐའ་མཚམས་བརྟན་སྲུང་བཅས་ཁྲོད་ཀྱི་རང་ལྗོངས་ཀྱི་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་དམིགས་བསལ་གྱི་ནུས་པ་གལ་ཆེན་ངོས་འཛིན་གཏིང་ཟབ་ཐུབ་པ་བྱས་ཏེ་རང་ལྗོངས་ཀྱི་དམག་དམངས་མཉམ་འདྲེས་ཀྱི་འཕེལ་རིམ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    ཀྲོང་ཡན་གྱིས་དམག་དཔུང་དང་ས་ཁུལ་རིམ་པ་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲི་ཁུར་ཕོད་པ་དང་། རང་འགུལ་ངང་བྱ་སྤྱོད་སྤེལ་བ། གཞོགས་འདེགས་དམ་ཟབ་བྱེད་པ། ལས་ཀ་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་བཅས་བྱས་ཏེ་གཟེར་འདེབས་ཀྱི་སྙིང་སྟོབས་ཐོག་ནས་ལས་དོན་རེ་རེ་བཞིན་དམ་འཛིན་ཡག་པོ་བྱས་ཏེ་རང་ལྗོངས་ཀྱི་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་དོན་ཐོག་ཏུ་འཁྱོལ་ལ་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།