དབུ་ཤོག>སྲིད་དོན།
  • ཀྲོང་ཡན་དགའ་ལྡན་དགོན་དང་།ཨ་ནེའི་མཚམས་ཁུང་།ར་མོ་ཆེ་བཅས་སུ་ཕེབས་ནས་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-03-03

    ཚེས་1ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཀྲོང་ཡན་དགའ་ལྡན་དགོན་དང་། ཨ་ནེའི་མཚམས་ཁུང་། ར་མོ་ཆེ་བཅས་སུ་ཕེབས་ནས་ས་གནས་ས་ཐོག་ཏུ་བརྟན་ལྷིང་སྲུང་སྐྱོང་དང་། བདེ་འཇགས་སྲུང་སྐྱོང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ་སོགས་ཀྱི་འབྲེལ་ཡོད་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ་དང་། དགོན་སྡོད་ལས་བྱེད་པ་དང་། སྤྱི་བདེའི་མི་དམངས་ཉེན་རྟོག་པ། དྲག་ཆས་ཉེན་རྟོག་མེ་ཟོན་དཔོན་དམག རྒྱལ་གཅེས་གྲྭ་བཙུན་བཅས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།

    ཀྲོང་ཡན་དགའ་ལྡན་དགོན་དུ་ཕེབས་ནས་ཏང་གི་དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་དང་། དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་གནས་ཚུལ། དགོན་སྡེའི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་སྲུང་སྐྱོང་སོགས་ཀྱི་ལས་དོན་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཀྲོང་ཡན་གྱིས་དུས་ཡུན་རིང་པོའི་ནང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཆོས་ལུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱས་ཏེ་དགོན་སྡེའི“དྲུག་འཛུགས”དང་། དགོན་སྡེར“ཡོད་པ་དགུ” “གཅིག་རེ་དྲུག”སོགས་ཀྱི་བྱ་ཐབས་སྔ་རྗེས་སུ་ལག་བསྟར་བྱས་པས་སྒྲིག་ཁོངས་སུ་ཚུད་པའི་གྲྭ་བཙུན་གྱི་སྨན་བཅོས་དང་རྒན་གསོ་འགན་བཅོལ་སོགས་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱུང་བ་དང་། ཚང་མ་ནི་ཞུགས་མཁན་དང་། ལག་བསྟར་བྱེད་མཁན། ཕན་པ་ཐོབ་མཁན་བཅས་ཡིན་པས་ཚང་མས་ཏང་དང་སྲིད་གཞུང་གིས་ཐུགས་ཁུར་དང་བྱམས་སྐྱོང་གནང་ལུགས་དངོས་སུ་ཚོར་ཐུབ་པ་བྱས་ནས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་རང་རྟོགས་ངང་སྲུང་སྐྱོང་བྱེད་པ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་སྣ་ཚོགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ་རྒྱལ་གཅེས་ཆོས་གཅེས་ཀྱི་མིག་དཔེ་དང་། ཆོས་ལུགས་ཀྱི་རྟོག་པ་མཐོ་བའི་མིག་དཔེ། ཞི་མཐུན་ལ་སྐུལ་འདེད་གཏོང་བའི་མིག་དཔེ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

    ཨ་ནེའི་མཚམས་ཁུང་ནི་ལྷ་སའི་གྲོང་ཁུལ་རྙིང་པའི་བཙུན་མའི་དགོན་པ་ཞིག་རེད། ཀྲོང་ཡན་དང་བཅས་པ་སྲང་ལམ་བརྒྱུད་ནས་ཕེབས་ཏེ་ཨ་ནེའི་མཚམས་ཁུང་གི་མེ་ཟོན་བདེ་འཇགས་སྒྲིག་ཆས་དང་། རིག་དངོས་སྲུང་སྐྱོང་གནས་ཚུལ། དེ་བཞིན་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་སྲུང་སྐྱོང་གི་བྱ་ཐབས་དོན་འཁྱོལ་གནས་ཚུལ་ལ་གཟིགས་ཞིབ་ནན་ཏན་གནང་ཞིང་། ཨ་ནེའི་མཚམས་ཁུང་གི“བུད་མེད་ཁྱིམ་གཞིས”ཀྱིས་ཕན་འབྲས་ལྡན་པའི་ནུས་པ་འདོན་སྤེལ་བྱས་པ་མཁྱེན་རྟོགས་བྱུང་སྐབས་ཀྲོང་ཡན་གྱིས་ཁས་ལེན་གང་ལེགས་གནང་བ་དང་ཆབས་ཅིག་དགོན་སྡོད་ལས་བྱེད་པར“བུད་མེད་ཁྱིམ་གཞིས”ཀྱི་གཞི་རྟེན་དེ་བེད་སྤྱོད་ཡག་པོ་བྱས་ནས་ཏང་གི་མཛད་ཕྱོགས་སྲིད་ཇུས་ཁག་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་རྒྱ་ཆེའི་བཙུན་མ་ཚོའི་ཁྲོད་དྲིལ་བསྒྲགས་བྱེད་དགོས། དེ་དང་ཆབས་ཅིག་ལྷག་བསམ་རྣམ་དག་གི་སྒོ་ནས་བཙུན་མར་ཞབས་འདེགས་ཞུ་བ་དང་བཙུན་མའི་འབྱུང་འགྱུར་གྱི་སེམས་ཁྲལ་དང་དཀའ་གནད་བསལ་ཏེ་ཁྲིམས་ལུགས་ཁྱབ་གདལ་ལས་དོན་ཡག་པོ་སྒྲུབ་པ་དང་། རྒྱ་ཆེའི་བཙུན་མའི་བཅའ་ཁྲིམས་སློབ་སྦྱོང་དང་། བཅའ་ཁྲིམས་ཤེས་རྟོགས། བཅའ་ཁྲིམས་སྲུང་བ། བཅའ་ཁྲིམས་བེད་སྤྱོད་བཅས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ར་མོ་ཆེ་གཙུག་ལག་ཁང་དུ་བསང་གི་དུ་བ་ལང་ལོང་དུ་འཕྱུར་བ་དང་སྒྲིག་ལམ་གོ་རིམ་ལྡན་པ་ཞིག་ཡོད། ཀྲོང་ཡན་གྱིས་དགོན་སྡོད་ལས་བྱེད་པ་དང་། མེ་ཟོན་དཔོན་དམག སྤྱི་བདེའི་མི་དམངས་ཉེན་རྟོག་པ། དགེ་འདུན་པ་བཅས་རེ་རེ་བཞིན་དང་ཕྱག་བཏང་ནས་ཕན་ཚུན་སྨོན་འདུན་ཞུ་རེས་གནང་བ་རེད། ཀྲོང་ཡན་གྱིས་ར་མོ་ཆེ་གཙུག་ལག་ཁང་ནི་མི་རིགས་མཐུན་སྒྲིལ་དང་མཛའ་གྲོགས་ཀྱི་མཚོན་རྟགས་ཤིག་རེད། ར་མོ་ཆེ་གཙུག་ལག་ཁང་གི་རྒྱ་ཆེའི་དགེ་འདུན་པ་ཚོས་དགོན་སྡེ་འཛུགས་སྐྱོང་གི་ཐོག་མའི་ཕུགས་འདུན་མ་བརྗེད་པ་དང་། མི་རིགས་མཐུན་སྒྲིལ་ལ་བརྩི་མཐོང་བྱེད་པ། འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་བའི་ཁྲོད་ཀྱི་ཆོས་ལུགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་པ། སྣེ་ཁྲིད་ནས་མི་རིགས་མཐུན་སྒྲིལ་གྱི་མིག་དཔེ་བྱེད་པ་དང་། དད་ལྡན་མང་ཚོགས་ལ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུར་ཁྲིད་སྟོན་བྱེད་པ། ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ། ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་བ་བཅས་བྱས་ནས་མི་རིགས་ཁག་སེ་འབྲུའི་གོང་བུ་བཞིན་དམ་པོར་སྒྲིལ་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

    བརྟག་ཞིབ་གནང་རིང་། ཀྲོང་ཡན་གྱིས་དགོན་སྡོད་ལས་བྱེད་པས་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཛུབ་སྟོན་བླང་བྱ་གཞིར་བཟུང་། དགོན་སྡེ་དོ་དམ་ཨུ་ལྷན་དང་དགོན་སྡེའི་ཆོས་ལུགས་མི་སྣའི་དབར་གྱི་འགན་འཁྲི་གསལ་པོ་བཟོ་བ་དང་། ཕྱོགས་གཉིས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་དགོན་སྡེའི་ཞབས་ཞུ་དོ་དམ་གྱི་ལས་དོན་ཐད་མཉམ་ཤུགས་ཆགས་པ་བྱེད་དགོས། ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས“འདུ་ཤེས་བཞི”བརྟན་པོ་བཙུགས་ནས་མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ་དང་མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བྱེད་པ་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་མཐའ་གཅིག་ཏུ་སེལ་བ། དགོན་སྡེའི་དོ་དམ་ཞབས་ཞུའི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་པ། ལྗོངས་ཡོངས་ཀྱི་བརྟན་ལྷིང་མཐུན་སྒྲིལ་དང་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་རྒྱུན་མཐུད་སྲ་བརྟན་དུ་བཏང་སྟེ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རྒྱལ་ཁའི་ངང་སྐོང་ཚོགས་བྱ་རྒྱུར་སྤྱི་ཚོགས་ཀྱི་ཁོར་ཡུག་ཡག་པོ་ཞིག་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།