དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུས་ཆེད་དོན་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-02-28

    ཚེས་26ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཀྲོང་ཡན་གྱིས་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་དང་། འཚུབ་ཆ་ཆེ་བའི་ཟླ་བ་གསུམ་པའི་རིང་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་གྱིས་གྲོང་ཁྱེར་དང་། ས་ཁུལ། གཙོ་གནད་དགོན་སྡེ་བཅས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་དང་སྲིད་གཞུང་དེ་བཞིན་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་ཐབས་ཇུས་བཀོད་སྒྲིག་གི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས་ལྟ་སྐུལ་མཛུབ་ཁྲིད་ཀྱི་ཞིབ་བཤེར་ལས་དོན་ཡག་པོ་སྒྲུབ་དགོས་པའི་ནན་བཤད་དང་བཀོད་སྒྲིག་བསྐྱར་མ་གནང་ཞིང་། ཁོང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་བྱེད་མཁན་གྱིས་བརྟན་ལྷིང་མཐའ་དག་ལས་ལྷག་པའི་བསམ་བློ་བརྟན་པོ་འཆང་བ་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས། བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་ཇི་མ་ཇི་བཞིན་དོན་འཁྱོལ་གནད་སྨིན་ཡོང་བའི་འགན་ལེན་དང་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཧྲིལ་པོ་ཞི་མཐུན་བརྟན་ལྷིང་རྒྱུན་སྲིང་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པའི་ནན་གསུང་གནང་འདུག

    ཀྲོང་ཡན་གྱིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་དང་འཚུབ་ཆ་ཆེ་བའི་ཟླ་བ་གསུམ་པའི་རིང་གི་བརྟན་ལྷིང་སྲུང་སྐྱོང་དང་བདེ་སྲུང་གི་ལས་དོན་ཡག་པོ་བསྒྲུབས་ཏེ། བོད་ཀྱི་བརྟན་ལྷིང་ལ་བརྟེན་ནས་རྒྱལ་ཡོངས་ཀྱི་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ་ནི་ཏང་ཀྲུང་དབྱང་གིས་ང་ཚོར་སྤྲད་པའི་ཆབ་སྲིད་ཀྱི་ལས་འགན་ཆེན་པོ་ཞིག་རེད་ལ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སེམས་གཏིང་གི་རེ་བ་དང་ཐུན་མོང་གི་བསམ་འདུན་ཡང་རེད། རང་སྐྱོང་ལྗོངས་དང་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་གྱིས་རུ་སྣེ་ཁྲིད་དེ་གྲོང་ཁྱེར་དང་། ས་ཁུལ། གཙོ་གནད་དགོན་སྡེ་བཅས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་པའི་ལས་དོན་སྤེལ་རྒྱུ་ནི་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་དོན་དངོས་ལ་གཞིགས་ཏེ་ས་གནས་ཁག་དང་སྡེ་ཚན་ཁག་ནས་བརྟན་ལྷིང་སྲུང་སྐྱོང་དང་བདེ་སྲུང་ལས་དོན་ཡག་པོ་སྒྲུབ་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཁག་གིས་མཐོང་ཆེན་བྱས་ཏེ་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི“མ་བྱུང་སྔོན་འགོག་གི་རྩ་དོན་ལྟར་ལས་དོན་སྒྲུབ་པ་དང་། གནས་ཚུལ་ཆེན་པོ་མ་ཐོན་པ་བྱེད་པའི་རྨང་གཞི་འདིང་བར་གྲ་སྒྲིག་བྱེད་པ། འགན་འཁྲི་འཁུར་ཕོད་པ་ཚད་གཞིར་བྱས་ཏེ་ལས་བྱེད་པར་ལྟ་སྟངས་འཛིན་དགོས་པ”བཅས་ཀྱི་བླང་བྱ་ལྟར། གནས་ཚུལ་མི་ཐོན་པ་དང་ཀྲུང་དབྱང་ལ་རྙོག་དྲ་མི་བཟོ་བས་མཐའ་ཚད་བྱས་ནས་སེམས་ཁྲལ་གྱི་འདུ་ཤེས་དང་། འགན་འཁྲི་འཁུར་སེམས། གཞིས་སྲུང་གི་འདུ་ཤེས་བཅས་སྔར་བས་ཟབ་ཏུ་གཏོང་བ་དང་། ལྟ་སྐུལ་མཛུབ་ཁྲིད་ཀྱི་འགན་འཁྲི་ཏན་ཏིག་ངང་སྒྲུབ་པ། བརྟན་ལྷིང་སྲུང་སྐྱོང་དང་བདེ་སྲུང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་ལ་སྐུལ་འདེད་ཤུགས་ཆེན་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཧྲིལ་པོ་ཞི་མཐུན་བརྟན་ལྷིང་རྒྱུན་སྲིང་ཡོང་བའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    ཀྲོང་ཡན་གྱིས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཁག་གིས་སྒྲིག་འཛུགས་ཞིབ་ཚགས་དང་བཀོད་སྒྲིག་ཚགས་ཚུད་བྱས་ནས་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་ཇི་མ་ཇི་བཞིན་དོན་འཁྱོལ་གནད་སྨིན་ཡོང་བར་སྐུལ་འདེད་གཏོང་དགོས། གཅིག་ནས་དུས་ཐོག་ཏུ་གནས་སུ་འབྱོར་བ་བྱེད་དགོས། ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཁག་གི་ཁོངས་མིས་ཟླ་3ཚེས་1ཉིན་གྱི་གོང་ངེས་པར་དུ་ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་གྲོང་ཁྱེར་དང་ས་ཁུལ་ཁག་ཏུ་འབྱོར་བ་བྱས་ནས་ལྟ་སྐུལ་མཛུབ་ཁྲིད་ཀྱི་ལས་དོན་བདེ་བླག་ངང་སྤེལ་བ་དང་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས།

    གཉིས་ནས་ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་གྲོང་ཁྱེར་དང་། ས་ཁུལ། དགོན་སྡེའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དུས་ཚོད་ཀྱི་མཚམས་ཚིགས་དང་། ཚོགས་ཆུང་དང་ཡུག་ཁུལ་བགོས་ནས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་པའི་བླང་བྱ་དང་། ལྟ་སྐུལ་མཛུབ་ཁྲིད་ཀྱི་འཆར་གཞི་སྔར་བས་ཞིབ་ཕྲ་བཟོ་བ་དང་། ལས་འགན་ཁ་གསལ་འདོན་པ། ལས་ཀའི་བླང་བྱ་ནན་པོར་གཞིགས་ནས་བྱེད་ཐབས་དང་གོ་རིམ་ཞིབ་ཕྲ་བཟོས་ཏེ་ནུས་ཤུགས་ཡོད་རྒུས་ལྟ་སྐུལ་མཛུབ་ཁྲིད་གནད་འཁེལ་དང་། ཁྱབ་རྒྱ་ཆེ་བ། གཏིང་ཟབ་པ་བཅས་ཡོང་བ་བྱེད་དགོས།

    གསུམ་ནས་གཙོ་གནད་མངོན་གསལ་དོད་པོ་དང་འགག་རྩའི་ལྷུ་ཚིགས་ལ་དམ་འཛིན་གྱིས་དངོས་སྡོད་ལྟ་སྐུལ་མཛུབ་ཁྲིད་ཀྱི་ལེགས་ཆ་འདོན་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། དུས་མཚམས་གལ་ཆེན་མངོན་གསལ་དོད་པ། ལས་དོན་གྱི་གཙོ་གནད་མངོན་གསལ་དོད་པ། བརྟན་ལྷིང་སྲུང་སྐྱོང་དང་འབྲེལ་བའི་མངོན་མེད་རྐྱེན་ངན་ལ་ནན་པོས་བསྡིགས་པ། དོན་འཁྱོལ་མ་བྱུང་བའི་གནད་དོན་ལ་བསྡིགས་ཏེ་ལྟ་སྐུལ་མཛུབ་ཁྲིད་ལས་དོན་རྒྱུན་སྲིང་གཏིང་ཟབ་དང་དམིགས་ས་ཡོད་པའི་སྒོ་ནས་སྤེལ་དགོས།

    བཞི་ནས་ལྟ་སྐུལ་མཛུབ་ཁྲིད་དངོས་མཐའ་འཁྱོངས་བྱས་ནས་ཕྱི་ཚུལ་རྣམ་པ་ཙམ་དུ་མི་འགྱུར་བར་ཐོག་མཐའ་བར་གསུམ་དུ་ནན་པོ་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་འགན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་འགོ་འཛུགས་ས་དང་དོན་ལ་འབབ་སར་བྱེད་པ་དང་། ཚད་གཞི་མཐོ་པོ་དང་བླང་བྱ་ནན་པོ་མཐའ་འཁྱོངས་བྱས་ཏེ་འགན་འཁྲི་དོན་འཁྱོལ་མ་བྱུང་བར་དམ་འཛིན་བྱེད་པ་དང་། གནད་དོན་དག་ཐེར་མ་བྱུང་བར་མུ་མཐུད་བྱེད་པ། མངོན་མེད་རྐྱེན་ངན་མ་བསལ་བར་ལས་མཇུག་མི་འགྲིལ་བ་བཅས་བྱས་ནས་འགྱུར་མེད་སྒྲིག་ཁྲིམས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་དང་བྱེད་ཐབས་དོན་འཁྱོལ་གནད་སྨིན་བྱེད་དགོས།

    ལྔ་ནས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཁག་གིས་ལྟ་སྐུལ་མཛུབ་ཁྲིད་བྱེད་པ་ལས་གཞན་འགན་འཕྲོག་སྒྲུབ་མི་བྱེད་པ་དང་མཛུབ་ཁྲིད་བྱེད་པ་ལས་ཚབ་མི་བྱེད་པའི་རྩ་དོན་མཐའ་འཁྱོངས་ཀྱིས་མང་ཙམ་སྐྱོད་པ་དང་། མང་ཙམ་ལྟ་བ། མང་ཙམ་ཉན་པ། མང་ཙམ་འདྲི་བ། མང་ཙམ་ཤོད་པ་བཅས་བྱས་ནས་རིམ་པ་བཞིན་ལས་ཀའི་གནོན་ཤུགས་སྤྲད་ནས་ཁོངས་གཏོགས་ཀྱི་འགན་འཁྲི་དོན་འཁྱོལ་ལ་སྐུལ་འདེད་ནུས་ལྡན་གཏོང་དགོས་པ་དང་། ཞིབ་བཤེར་བྱེད་ཞོར་ཡོ་བསྲང་མཐའ་འཁྱོངས་བྱས་ནས་ནུས་ཤུགས་ཡོད་རྒུས་གནད་དོན་གྱི་མངོན་མེད་རྐྱེན་ངན་ཐོན་མ་ཐག་མེད་པར་བཟོ་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།