དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་བརྙན་ལམ་བཀོད་གཏོང་ཚོགས་འདུའི་ཐོག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-02-21

    ཚེས་18ཉིན་གྱི་སྔ་དྲོ། ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཛུབ་སྟོན་དང་ཀྲུའུ་ཞི་ཆེ་དགྲ་ལྷའི་བླང་བྱ་གཞིར་བཟུང་། རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུས་ཛ་དྲག་གི་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་ནས་གྲོང་ཁྱེར་དང་ས་ཁུལ་ཁག་གི་ཉེ་དུས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་ཏེ་དུས་ཆེན་རིང་གི་བདེ་འཇགས་ཐོན་སྐྱེད་དང་ལྷག་དོན་དུ་མེ་ཟོན་བདེ་འཇགས་ཀྱི་ལས་དོན་ལེགས་པར་བསྒྲུབ་རྒྱུའི་ཐད་སླར་ཡང་བཀོད་སྒྲིག་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པའི་འགན་འཁྲི་འཁུར་སེམས་ཀྱི་འདུ་ཤེས་དང་སེམས་ཁྲལ་གྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་། འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་འགན་འཁྲི་ཁ་གསལ་ཡོང་བ་བྱེད་པ། གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་སྣ་ཚོགས་ཐོན་རྒྱུ་སྔོན་འགོག་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་རྣམས་བདེ་འཇགས་བརྟན་ལྷིང་དང་དགའ་སྤྲོ་འཆམ་མཐུན་གྱི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ཞིག་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཀྲོང་ཡན་གྱིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་འགན་འཁྲིའི་ཁྱབ་ཁོངས་གལ་ཆེན་ནང་བཅུག་ནས་འགན་འཁྲི་ཁག་ལ་ཤུགས་སྣོན་མཐའ་གཅིག་ཏུ་བརྒྱབ་སྟེ་ལས་རིགས་གཙོ་གཉེར་སྡེ་ཚན་གྱི་ཐད་ཀའི་ལྟ་སྐུལ་དོ་དམ་དང་། བདེ་འཇགས་ལྟ་སྐུལ་སྡེ་ཚན་གྱི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ། ས་གནས་སྲིད་གཞུང་གི་ཁོངས་གཏོགས་ས་ཆའི་ལྟ་སྐུལ་དོ་དམ་བཅས་ཀྱི་འགན་འཁྲི་དོན་འཁྱོལ་དང་། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ། འགན་འཁྲི་རྩད་གཅོད་ནན་པོ། དབང་ཆ་དང་འགན་འཁྲི་ཁ་གསལ་དང་། བྱ་སྤྱོད་ཚད་ལྡན། ལྟ་སྐུལ་ནུས་ལྡན། བྱ་དགའ་ཆད་གཅོད་ནན་པོ་བཅས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་སྐུལ་དོ་དམ་སྒྲིག་གཞི་འཛུགས་པ་བཅས་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ཏན་ཏིག་བྱེད་དགོས། སྔོན་འགོག་གཙོ་བོར་འཛིན་པ་མཐའ་འཁྱོངས་བྱས་ནས་མདུན་ཕྱོགས་ཀྱི་ལས་དོན་ལ་གཙོ་གནད་དམ་འཛིན་བྱེད་པ་དང་། ལེབ་བཤེར་རྣམ་པའི་བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་པོ་དང་རྐྱེན་ངན་གྲལ་བཤེར་གྱི་ལས་དོན་གང་མགྱོགས་སྤེལ་བ། གཙོ་གནད་ལས་རིགས་ཁྱབ་ཁོངས་མངོན་གསལ་དོད་པོ། མངོན་ཞིབ་ལྐོག་བཤེར་ལ་ཤུགས་སྣོན། གནས་ཚུལ་དངོས་དངོས་འབྲེལ་ཤེས་པ། མངོན་མེད་རྐྱེན་ངན་ཤེས་རྟོགས། གནད་དོན་ཤེས་རྟོགས། བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་ཆེན་པོ་དང་ཚབས་ཆེན་སྔོན་འགོག་མཐའ་གཅིག་ཏུ་བྱེད་པ། ལས་འཛོལ་ཅུང་ཆེན་པོ་བཀག་འགོག་ནུས་ལྡན་བཅས་བྱས་ནས་སྤྱིར་བཏང་རང་བཞིན་གྱི་ལས་འཛོལ་སྔོན་འགོག་ནན་པོ་བྱེད་དགོས། མེ་ཟོན་ཁྱབ་ཁོངས་དང་། སྣུམ་རླངས་ཁྱབ་ཁོངས། འགྲིམ་འགྲུལ་ཁྱབ་ཁོངས། གཙོ་གནད་འཛུགས་སྐྲུན་རྣམ་གྲངས་དང་བྱེད་སྒོ་ཆེ་གྲས་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་དང་དེ་བཞིན་གཙོ་གནད་རིག་དངོས་ཚན་པ་དང་མི་སྣ་འདུ་འཛོམས་ཆེ་ཁུལ་གྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་དང་ཉེན་ཁ་སྔོན་འགོག་ཚོད་འཛིན་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་མི་ཐོན་པའི་འགན་ལེན་བྱེད་དགོས། སྤྱི་པའི་བདེ་འཇགས་ཀྱི་ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྡོམ་ཐག་གཅོད་ཀྱི་སྔོན་ཇུས་དང་ལས་རེས་སྐོར་ཞིབ་སྔོན་འགོག་ཚོད་འཛིན་གྱི་ལས་ཀའི་སྒྲིག་སྲོལ་ལམ་ལུགས་སྔར་བས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སྔོན་ཇུས་དོན་གཉེར་གོ་ཆོད་དང་ལམ་ལུགས་ལག་ལེན་ནན་པོ་འགན་ལེན་དང་། མངོན་མེད་རྐྱེན་ངན་སྔ་ཙམ་ཤེས་རྟོགས་དང་ཐག་གཅོད་དེ་བས་ལེགས་པ་ཐུབ་པའི་འགན་ལེན་བྱེད་དགོས། དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་བདེ་འཇགས་ཐོན་སྐྱེད་དྲིལ་བསྒྲགས་སློབ་གསོ་སྤེལ་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། མི་དམངས་མང་ཚོགས་རྒྱ་ཁྱབ་ངང་ཞུགས་པའི་སྤྱི་ཚོགས་ལྟ་སྐུལ་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཆ་འཕྲིན་ཡོངས་བསྒྲགས་ཚད་ལྡན་དུ་གཏོང་བ། དཀྲོག་གཏམ་བཟོ་བ་དང་ཤོད་པའི་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་བ། རང་འགུལ་ངང་གསལ་བསྒྲགས་བྱས་ནས་དོན་དངོས་ཁ་གསལ་ཡོང་བར་བྱེད་པ། སྤྱི་ཚོགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ལན་འདེབས་པ་བཅས་བྱས་ཏེ་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། སྒྲིག་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་བྱེད་པ་གནས་བབ་མངོན་གསལ་དོད་པོར་བཞག་སྟེ་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ཕུགས་ཕན་ལྟ་སྐུལ་དོ་དམ་ལམ་སྲོལ་ནུས་ལྡན་འཛུགས་པ། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་མཉམ་ཤུགས་ཆགས་པ་བཅས་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་བྱ་ཐབས་ཁག་དོན་འཁྱོལ་ཏན་ཏིག་བྱེད་པར་ནན་ལ་ཞིབ་ཕྲ་དང་ཏན་ཏིག་གི་སྒོ་ནས་དམ་འཛིན་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།